ཐབ་ཆས་གསར་རྙིང་བརྗེ་བའི་བྱེད་སྒོ་འདི་དངོས་གནས་ཡག་པོ་འདུག

时事   2024-11-21 17:17   海南  

ཁྱེད་རང་གི་ནང་ལ་ཕན་མི་ཐོགས་པའི་ཐབ་ཆས་རྙིང་པ་ཡོད་དམ། གལ་སྲིད་ཡོད་ན་ད་ལྟ་བོད་ཀྱི་ས་ཆ་ཁག་ཏུ་སྤེལ་བཞིན་པའི་ས་མཐོའི་ནུས་མང་ཐབ་ཆས་གསར་རྙིང་བརྗེ་བའི་བྱེད་སྒོར་ཞུགས་ཆོག་གི་འདུག

家里的炊具老旧、不好用了可别错过西藏各地正在开展的高原多功能系列烹饪厨具以旧换新活动来了解一下吧↓↓↓

རང་སྐྱོང་ལྗོངས་ཆ་འཕྲིན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐབ་ཆས་རྙིང་པ་རིགས་༢༡ཡོད་པར་མཐོ་ཤོས་ལ་སྒོར་༢༠༠སྤྲོད་ཀྱི་ཡོད་པ་དང་། ཐབ་ཆས་དེ་དག་ནང་དབུགས་རྡིག་རྙིང་པ་དང་། ཀོག་ཧྥེའི་འཕྲུལ་ཆས་རྙིང་པ། སྲན་ཁུའི་འཕྲུལ་ཆས་རྙིང་པ། གློག་གི་ཆུ་བསྐོལ་ཆས་རྙིང་པ། གློག་ཐབ་རྙིང་པ། ཤིང་འབྲས་གཙག་ཆས་རྙིང་པ། མདོང་མོ་རྙིང་པ། གློག་གི་བག་སླང་རྙིང་པ། གློག་གི་རྒྱ་ཁོག་བཟོ་སྣོད་རྙིང་པ། གློག་ཕྲུ་རྙིང་པ། ཚལ་སླང་རྙིང་པ། འོ་མ་བསྐོལ་ཆས་རྙིང་པ་སོགས་ཡོད་པ་རེད།


“兑换时,21类旧炊具最高能予以200元的估价”。自治区经信厅相关负责人介绍。这21类炊具包括:旧电高压锅、旧明火高压锅、旧咖啡机、旧料理机、旧豆浆机、旧微波炉、旧电烧水壶、旧电烤箱、旧电蒸箱、旧电磁炉、旧榨汁机、旧酥油茶机(打茶机)、旧电饼铛(烙饼锅)、旧电火锅、旧电饭煲、旧液化气灶、旧天然气灶、旧炒锅、旧蒸锅、旧平底锅、旧奶锅。

ངོ་སྤྲོད་བྱས་པར་གཞིགས་ན། ཐབ་ཆས་གསར་པ་བརྗེ་སྐབས། སྔོན་ལ་ཉེ་འགྲམ་གྱི་ཚོང་ཁང་དུ་ཐབ་ཆས་རྙིང་པ་ཁྱེར་ནས་གོང་ག་ཚོད་ཁུག་མིན་ལྟ་བར་འགྲོ་དགོས་པ་དང་། རིན་གོང་བློ་ལ་བབས་རྗེས་ཁ་པར་ནས་ཅ་ཧུའེ་ཏུའོ་ཏུའོ(嘉惠多多)ཞེས་པའི་བྱ་རིམ་ཆུང་གྲས་ནས་གློག་རྡུལ་འཛད་སྤྱོད་འཛིན་ཤོག་བླངས་ཏེ་ཐབ་ཆས་གསར་པ་ཉོ་ཆོག ཐབ་ཆས་གསར་པ་ཉོ་སྐབས་སྒོར་༣༠༠ལོན་ཚེ་སྒོར་༦༠གཅོག་རྒྱུ་དང་། སྒོར་༥༠༠ལོན་ཚེ་སྒོར་༡༠༠གཅོག་རྒྱུ། སྒོར་༡༠༠༠ལོན་ཚེ་སྒོར་༢༠༠གཅོག་རྒྱུ་ཡིན་པ་རེད། དེས་མ་ཚད། ད་དུང་ཚོང་ཁང་ནས་གཟིགས་སྐྱོང་རིན་གོང་བརྒྱ་ཆའི་༣༠ཡན་གཅོག་གི་ཡོད། འཛད་སྤྱོད་འཛིན་ཤོག་བླངས་རྗེས་ཉིན་བདུན་གོ་ཆོད་ཀྱི་ཡོད་པས། འཛིན་ཤོག་ལ་ཧབ་ཐོབ་རྒྱག་མི་དགོས་པར་རང་སོ་སོའི་དགོས་མཁོར་གཞིགས་ཏེ་དྲ་ཐོག་ནས་འཛད་སྤྱོད་འཛིན་ཤོག་ཐེངས་མང་ལེན་ཆོག་གི་ཡོད་པ་རེད། མང་ཚོགས་ལ་སྟབས་བདེ་ཡོང་ཆེད། ཚོང་ཁང་གིས་ས་གནས་ས་ཐོག་ཏུ་དྲ་ཐོག་གི་འཛད་སྤྱོད་འཛིན་ཤོག་ལེན་རོགས་བྱེད་ཀྱི་ཡོད།

据介绍,旧锅/厨具换新高原锅,只需拿旧锅/厨具到附近店铺,商家先会对锅/厨具进行估价,报的价格经本人同意后,可在购买新高原炊具时,通过“嘉惠多多”线上领取电子消费券,用于抵扣购买新高原炊具的价格,随即购买新锅/厨具,就可享受满300减60元;满500元减100元;满1000元减200元的活动。不仅如此,还可叠加享受商家给予最低30%的让利优惠。消费券自申领之日起7日内有效,无需抢券,消费者可按照购买需求和交给的旧炊具,多次领取电子消费券。为方便群众,商家将现场协助大家申领电子消费券。

བྱེད་སྒོ་མཇུག་སྒྲིལ་བའི་དུས་ཚོད་ནི་༢༠༢༤ལོའི་ཟླ་༡༢ཚེས་༣༡ཉིན་གྱི་དགོང་མོའི་ཆུ་ཚོད་༡༢བར་ཡིན་པས་དུས་ཚོད་ལ་དམ་འཛིན་གནང་རོགས།

此项以旧换新活动时间截至2024年12月31日24:00不要错过使用时间哟


ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན། 

主编 | 吾见才让

副主编 | 平多 桑布

编辑 | 晋美 格丹 

来源 | 西藏日报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章