༢༠༢༤ལོའི་ཟླ་༡༡པའི་ཚེས་༡༩ཉིན། ཁ་རུབ་ཆུས་སྤྱི་བདེ་ཅུད་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མི་ལིའུ་ཆེ་གེ་མོར་ཁ་བསླུས་ཐེབས་པའི་དངུལ་སྒོར་༥༩༩༩༩ཚང་མ་ཕྱིར་སྤྲོད་བྱས་པ་དང་། ལིའུ་ཆེ་གེ་མོས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཕུལ་བ་རེད།
2024年11月19日,卡若区公安局反诈中心向辖区居民刘某返还全部被骗资金59999元,刘某向民警赠送感谢锦旗。
༢༠༢༤ལོའི་ཟླ་༡༡ཚེས་༤ཉིན་ལིའུ་ཆེ་གེ་མོར་དངུལ་བུན་གཡར་ཆོག་ཅེས་པའི་ཆ་རྒྱུས་མེད་པའི་འཕྲིན་ཐུང་ཞིག་འབྱོར་བ་དང་། ཁོ་པས་དེའི་ནང་གི་སྦྲེལ་མཐུད་མནན་ཏེ། མིང་ལ་ཏུའུ་ཞའོ་མན་ཞེས་པའི་མཉེན་ཆས་ཞིག་ཕབ་ལེན་བྱས་ཤིང་། ཕ་རོལ་གྱིས་བཤད་པ་ལྟར་ཆ་རྒྱུས་མེད་པའི་སྦྲེལ་མཐུད་གཞན་ཞིག་མནན་ནས་རང་ཉིད་ཀྱི་ཆ་འཕྲིན་དང་དངུལ་ཁང་བྱང་བུའི་ཨང་གྲངས་བྲིས་པ་དང་། དེ་དག་བྲིས་ཚར་རྗེས། ཕ་རོལ་གྱིས་ཡང་ལིའུ་ཆེ་གེ་མོའི་དངུལ་ཁང་བྱང་བུའི་ཨང་ཀི་གཅིག་ནོར་ནས། དངུལ་བུན་གཡར་བའི་མ་དངུལ་བཀག་བྱས་འདུག་པས། དེ་གློད་པར་དངུལ་སྒོར་༥༩༩༩༩སྤྲོད་དགོས་ཚུལ་བཤད་པ་རེད། ལིའུ་ཆེ་གེ་མོས་ཐེ་ཚོམ་མེད་པར་སྒོར་༥༩༩༩༩སྤྲད་པ་དང་། དེ་རྗེས་ཕ་རོལ་གྱིས་ཡང་དངུལ་བསྒྱུར་སྐབས་གན་རྒྱ་བསྒྱུར་མེད་སྟབས། མ་དངུལ་ཡང་བསྐྱར་བཀག་འདུག ད་དུང་མུ་མཐུད་དངུལ་སྤྲོད་དགོས་ཚུལ་བཤད། ལིའུ་ཆེ་གེ་མོ་ད་གཟོད་མགོ་སྐོར་འོག་ཚུད་པ་ཤེས་ནས་ཉེན་རྟོག་པར་སྙན་སེང་ཞུས་པ་རེད།
སྙན་སེང་འབྱོར་རྗེས། ཁ་རུབ་ཆུས་སྤྱི་བདེ་ཅུད་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་འཕྲལ་དུ་གྱོད་དོན་མྱུལ་ཞིབ་བྱས་ནས། འབྲེལ་ཡོད་རྩིས་ཁྲའི་ནང་གི་སྒོར་༡༤༩༩༩སྤྲོད་མཚམས་བཞག་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཉེན་རྟོག་པས་དོགས་ཡོད་ཉེས་ཅན་སུང་ཆེ་གེ་མོ་ཧོ་ནན་ཧྲང་ཆིའུ་རུ་ཡོད་པ་ཤེས་པ་དང་། དེ་རྗེས་ས་གནས་དེའི་ཉེན་རྟོག་པ་དང་འབྲེལ་བ་བྱས་ནས་ཁ་བསླུས་ཐེབས་པའི་དངུལ་སྒོར་༤༥༠༠༠ཚུར་བླངས་པ་རེད།
ཟླ་༡༡ཚེས་༡༩ཉིན། ཁ་རུབ་ཆུས་སྤྱི་བདེ་ཅུད་ཁ་བསླུས་འགོག་རྒོལ་ལྟེ་གནས་ཀྱིས་མགོ་སྐོར་ཐེབས་པའི་དངུལ་སྒོར་༥༩༩༩༩ཚང་མ་ལིའུ་ཆེ་གེ་མོར་ཕྱིར་སྤྲད་པ་དང་། ལིའུ་ཆེ་གེ་མོས་ཉེན་རྟོག་པར་གོས་དར་ཕུལ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
2024年11月4日,刘某收到一条内容为申请贷款的陌生短信,点击了其中链接,下载了一款名为“度小满”的APP,并按照客服人员指示点击另一陌生链接后填写了个人信息、银行卡号。填写完成后,该客服人员表示刘某银行卡号输错一位数字,贷款资金被冻结,需要缴纳59999元解冻金。刘某缴纳59999元解冻金后,对方表示因转款时合同未更改,资金再次被冻结,还需继续缴纳解冻金,刘某意识到被骗,随即报警。
接报后,卡若区公安局反诈中心立即立案侦查,紧急止付相关账户内部分钱款共计14999元。经过大量工作,民警发现犯罪嫌疑人宋某在河南商丘,立即前往与当地警方取得联系,成功追回被骗资金45000元。
11月19日,卡若区公安局反诈中心向刘某返还全部被骗资金59999元,刘某将一面印有“破案神速 为民解忧”的锦旗送到民警手中,感谢他们打击犯罪、为民服务的辛勤付出。
ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར།
དངུལ་བུན་གཡར་བའི་འགྲོ་ལུགས་གཉེར་སྐབས་ཚད་ལྡན་གྱི་དངུལ་རྩའི་ལས་ཁུངས་འདེམས་དགོས་པ་དང་། ཆ་རྒྱུས་མེད་པའི་དྲ་ཐོག་གྱི་ཆ་འཕྲིན་ལ་ཡིད་ཆེས་བྱེད་མི་རུང་ལ། གཞན་གྱིས་བསྐུར་བའི་རྩ་གཉིས་ཨང་རྟགས་དང་འབྲེལ་མཐུད་དེ་བས་བཤེར་མི་རུང་།
ཚད་ལྡན་དངུལ་བུན་གཡར་མཁན་ཚན་པས་མ་དངུལ་དང་འོས་བབ་ཞིབ་བཤེར་གྱི་བཀག་རྒྱ་གློད་པ་སོགས་ལ་ཁ་གཡར་ནས་གང་བྱུང་དུ་སྔོན་ལ་གྲོན་དངུལ་རིགས་གཏན་ནས་བསྡུ་མི་སྲིད་པས། དངུལ་བུན་མ་བཏང་གོང་གྲོན་དངུལ་བསྡུ་དགོས་རིགས་ཚང་མ་ཁྲམ་པའི་གཡོ་ཇུས་རེད།
办理贷款应选择正规金融机构,不要轻信陌生来源的网络贷款信息,更不要点击对方发来的二维码、链接;
不要随意在网上留下联系方式等个人资料,更不可轻易给对方转款;
正规贷款平台不会以解冻资金和资质审查等为由先行收取费用,放款前以任何名头收费的“贷款”行为都是骗局。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། སྐལ་བསྟན། མིག་དམར་ནོར་འཛོམས། པ་སངས་སྐྱིད་པ།
主编 | 吾见才让
副主编 | 平多 桑布
编辑 | 晋美 格丹 米玛罗宗 巴桑吉巴
来源 | 卡若警务动态
译文 | 阳光西藏