དཔེ་ལ། ཚེ་གང་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པའི་ཉེས་ཆད་བཏང་འདུག

时事   2024-11-12 17:16   西藏  


     སྤྱི་ཟླ་༡༡ཚེས་༡༡ཉིན། གཞིས་ཀ་རྩེའི་འགྲིམ་འགྲུལ་ཉེན་རྟོག་པས་སྤྱི་ཚོགས་ཡོངས་ལ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་༢༠༢༤ལོའི་སྤྱི་ཟླ་༡༡པར་ཚེ་གང་རླངས་འཁོར་གཏོང་མི་ཆོག་པའི་མིའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

11月11日

日喀则交警向社会公布了

日喀则市2024年11月份终生禁驾人员名单


གྱོད་གཞིའི་གནས་ཚུལ་ངོ་སྤྲོད།

案件详情


གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༤ལོའི་སྤྱི་ཟླ་༡ཚེས་༢༥ཉིན་གྱི་དགོང་མོའི་ཆུ་ཚོད་༩པ་ཙམ་ལ་ཁ་ལོ་བ་བསོད་ཆེ་གེ་མོ་ཆང་གིས་བཟི་རྗེས་རླངས་འཁོར་ཨང་རྟགས་བོད་D༢Y**༠ འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བཏང་སྟེ་གཞིས་ཀ་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཞིང་ཆེན་ལམ་༢༠༨བརྒྱུད་རྫོང་ནས་ན་མོ་ཆེ་ཤང་དུ་འགྲོ་བའི་ལམ་བར་ལ་བོད་D༡M*༣རྟགས་ཅན་གྱི་འཁོར་སྒྲོམ་ཡོད་པའི་དོ་པོ་སྐྱེལ་མཁན་རླངས་འཁོར་ཞིག་བཞག་ནས་བསྐྱོད་སྐབས། ཁ་སྤྲོད་ནས་ཡོང་བའི་ལྷག་ཆེ་གེ་མོས་བཏང་བའི་ཨང་རྟགས་མེད་པའི་འཁོར་གཉིས་སྦག་སྦག་༼ དེར་མི་༢ལས་བཞོན་མི་ཆོག་ཀྱང་མི་༣བཞོན་ཡོད་པ ༽དང་རྡུང་ཁ་ཤོར་ཏེ་འཁོར་གཉིས་སྦག་སྦག་གཏོང་མཁན་ལྷག་ཆེ་གེ་མོ་མྱུར་སྐྱོབ་བྱས་ཀྱང་ནུས་པ་མ་ཐོན་པར་རང་སར་གྲོངས་པ་དང་། སྦག་སྦག་རྒྱབ་ཏུ་བཞོན་པའི་རྡོ་ཆེ་གེ་མོ་ཡང་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་བྱུང་བར་གྲོངས་ཤིང་རྒྱབ་ཏུ་བཞོན་མཁན་གཞན་དག་དགྲ་ཆེ་གེ་མོར་ཡང་རྨས་སྐྱོན་ཕོག་པའི་འགྲིམ་འགྲུལ་དོན་རྐྱེན་ཞིག་ཐོན་ཡོད། 

གྱོད་གཞི་དེ་བཞད་མཐོང་སྨོན་རྫོང་མི་དམངས་ཁྲིམས་ཁང་ནས་ཞིབ་གཅོད་བྱས་པ་བརྒྱུད། ༢༠༢༤ལོའི་སྤྱི་ཟླ་༤ཚེས་༨ཉིན་བསོད་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་གཉིས་ཀྱི་ཁྲིམས་ཐག་བཅད་པ་དང་། གཞིས་ཀ་རྩེ་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པས་བསོད་ཆེ་གེ་མོའི་ཁ་ལོ་བའི་ལག་ཁྱེར་མེད་པ་བཟོས་ནས་ཁོ་པ་ཚེ་གང་རིང་ཁ་ལོ་བའི་ལག་ཁྱེར་ལེན་མི་ཆོག་པའི་ཉེས་ཆད་བཏང་ཡོད་པ་རེད།

记者了解到,2024年1月25日21时00分许,驾驶人索某某布醉酒后驾驶藏D2Y**0小型普通客车,沿谢通门县208省道从县城往南木切乡方向,超越前方同向行驶的藏D1M**3号轻型栏板货车时,与对向行驶的拉某酒后驾驶的无号牌二轮摩托车(核载 2 人,实载3 人)发生相撞,造成二轮摩托车驾驶员拉某在现场抢救无效后死亡及乘坐人多某经抢救无效死亡,乘坐人战某某加受伤,两车受损的道路交通事故。

此案经谢通门县人民法院审理,索某某布于2024年4月8日被判处有期徒刑两年两个月;并由日喀则公安交管部门作出吊销其机动车驾驶证,且终生不得重新取得机动车驾驶证的处罚。



གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་། 

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། འཇིགས་མེད། དབང་མོ།


主编:吾见才让

副主编:平多  桑布  

编辑:晋美  旺姆

 来源:日喀则交警微信公众号  西藏商报

译文:阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章