ལུས་འབྲེལ་བྱེད་སྐབས་ཁུ་བ་སྔ་ཤོར་གྱི་གནད་དོན་ཡོད་ན་ཇི་ལྟར་བྱ
2024-06-03 20:42
西藏
ལུས་འབྲེལ་བྱེད་སྐབས་ཁུ་བ་སྔ་ཤོར་གྱི་གནད་དོན་ཡོད་ན་ཇི་ལྟར་བྱ། དྲིལ་སྒྲོག་པ།ཆོས་དཔལ་བཟང་པོ། ༡ སེམས་ཁམས་དང་འབྲེལ་བ་ཡོད་སྲིད་དེ། དཔེར་ན། ལུས་འབྲེལ་བྱེད་རོགས་དང་ཆ་རྒྱུས་མེད་པ་དང་།གནོན་ཤུགས་ཆེ་བ། ཉམས་མྱོང་གིས་མ་འདང་བ་སོགས་སོ།། ༢ ལུས་ཁམས་ཀྱི་རྐྱེན་གྱིས་ཀྱང་ཡིན་སྲིད་དེ། དཔེར་ན། ཕོ་མཚན་གྱི་མགོ་ཤུབས་རིང་དྲགས་པ་དང་།དབང་རྩར་སྐྱོན་ཡོད་པ་དང་། ཕོ་རྨེན་དང་སྐེ་རྨེན་གྱི་ནུས་པ་འཁྲུགས་ཡོད་པ་དང་། རིགས་རྒྱུད་དང་འབྲེལ་བ་ཡོད་པ་སོགས་ཀྱང་ཡིན་སྲིད། ༣ སྤྱོད་ལམ་གྱི་དབང་གིས་ཡིན་པའང་སྲིད་དེ། དཔེར་ན། འདོད་བརྙནལ་བལྟས་མ་ཐག་ཡིན་པ་དང་། དུས་རྒྱུན་ལག་བསྒྲོད་བྱས་གྲངས་མང་བ་དང་། ནམ་རྒྱུན་རྩལ་སྦྱོང་མ་བྱས་པ་དང་། དགོང་མོ་ཡག་པོ་མ་གཉིད་པ་སོགས་ཀྱིས་ཀྱང་ཡིན་སྲིད། ༡ཏ་པོ་ཤིས་ཏིང་(达泊西汀)ཟེར་བའི་སྨན་ཞིག་ཡོད་པར་བཤད་རུང་། སྨན་འདི་ཡུན་རིང་པོ་དང་།ཐེངས་མང་པོར་སྤྱད་ན་ཞོར་སྐྱོན་ཡོད་པར་བཤད་པས་གཟབ་དགོས། ༢ཀྲུང་ལུགས་ཀྱི་དངུལ་ཁབ་དང་འཕུར་མཉེད་སོགས་ཀྱིས་ཀྱང་བཅོས་ཐབས་ཡོད་པར་བཤད་རུང་། ཞིབ་པར་སྨན་པར་འདྲི་དགོས། ༣ སྡོམ་འཆིང་ལག་ཐབས་དང་མཚམས་འཛིན་ལག་ཐབས་སོགས་ཀྱང་ཡོད་རུང་། དེ་ནི་ལུས་འབྲེལ་བྱེད་རོགས་དང་མཉམ་དུ་ཡུན་རིང་ལ་སྦྱོང་བརྡར་བྱས་པ་བརྒྱུད་ནས་ནུས་པར་སོར་ཆུད་བྱ་རུ་འཇུག་པ་ཞིག་ཡིན་པར་བཤད་དོ།།