གངས་རིན་པོ་ཆེར་གངས་སྐོར་ལ་གཏོང་བའི་དུས་ཚོད་གཏན་འཁེལ་འདུག

2024-04-20 13:10   西藏  

གསར་འགོད་པས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ༢༠༢༤ལོའི་ཟླ་༤པའིཚེས་༢༠ཉིན་ནས་བཟུང་། གངས་རིན་པོ་ཆེའི་གངས་སྐོར་དངོས་སུ་འགོ་ཚུགས་པ་དང་། དེ་བཞིན་མངའ་རིས་ཀྱི་གངས་རི་གཅིག་དང་མཚོ་མོ་གཉིས་ཀྱི་གནས་སྒོ་འབྱེད་རྒྱུ་ཡིན་པས་དོན་དེ་ཡིད་ལ་གཟུངས་རོགས།

记者从冈仁波齐玛旁雍措景区了解到,2024年4月20日起,冈仁波齐正式开山,与此同时,阿里一山两湖景区及相关配套设施也将同步开业,想前往冈仁波齐的朋友可以安排起来了!


གངས་སྐོར་ལ་འགྲོ་བའི་དུས་ཚོད་ཡག་ཤོས་ནི་གཤམ་གསལ།
ཟླ་༧པ་ནས་ཟླ་༩པའི་བར་ཡིན་ལ། ཟླ་༡༠པར་་ཡང་བསྐྱོད་ཆོག་མོད། འོན་ཀྱང་ཟླ༡༠བར་གནམ་གཤིས་ཅུང་གྲང་མོ་ཡོད། ཟླ་༡༢པ་ནས་ཟླ་༤པའི་བར་བསྐྱོད་ན་ཁ་བ་མཐུག་པ་མ་ཟད། གངས་སྐོར་ཀྱི་བགྲོད་ལམ་ཡང་བཀག་ཡོད།
གངས་སྐོར་གྱི་སྤ་སེའི་རིན་གོང་སྒོར་༡༥༠ཡིན།

徒步冈仁波齐最佳月份:7月至9月,10月也可,但10月气候较冷。12月至4月不建议前往,雪太厚,冬天会封山。冈仁波齐转山门票:150元。


གནམ་གཤིས་བཟང་བའི་དུས་སུ། སྔ་པོ་ནས་གངས་སྐོར་ལ་བསྐྱོད་ན་ལམ་ནས་དཀའ་ལས་མི་ཁག་པ་དང་། ལྷག་པར་དུ་མཚན་རྒྱག་མི་དགོས་པས་སྟབས་བདེ་པོ་ཡོད།

徒步冈仁波齐时间分配:
如天气允许,建议以早出早归为原则,尽量早点出发,这样在路上会稍微从容一些,可避免走夜路。

༼ ༡ ༽རྐང་ཐང་ཉིན་གཅིག་ལ་བསྐྱོད་མཁན་ཚོའི་ལམ་ཐིག
ཞོགས་པའི་ཆུ་ཚོད་༥:༠༠ཙམ་ནས་ཐོན་ན་ལེགས།
ཉིན་གུང་ཆུ་ཚོད་༡༢:༠༠ཡས་མས་སུ་འབྲི་རྭ་དགོན་ལ་སླེབས་ངེས།
ཕྱི་དྲོའི་ཆུ་ཚོད་༡༦:༠༠ཙམ་ལ་ལམ་དཀྱིལ་གྱི་ས་བབ་རྨི་༥༦༣༠ཡོད་པའི་སྒྲོལ་མ་ལར་སླེབས་སྲིད།
དགོང་མོའི་ཆུད་ཚོད་༢༢:༠༠དར་ཆེན་ལ་འབྱོར་ངེས།


(1)徒步一日5:00从塔钦出发12:00抵达止热寺16:00登上此行海拔之最的卓玛拉山口(5630M,此时最考验体力)22:00到达塔钦

༼ ༢ ༽རྐང་ཐང་ཉིན་གཉིས་ལ་བསྐྱོད་མཁན་ཚོའི་ལམ་ཐིག
ཉིན་དང་པོ་དར་ཆེན་ནས་འགོ་བརྩམས་ཏེ་འབྲི་རྭ་དགོན་ལ་འབྱོར་བ་བྱ་དགོས་ཤིང་། དེའི་དབར་ལ་སྤྱི་ལེ༢༢ཡོད་ལ། ཆུ་ཚོད་༦ནས་༡༠འགྲོ་དགོས།
ཞོགས་པའི་ཆུ་ཚོད་༩:༠༠སྟེང་ཞལ་ལག་མཆོད་རྗེས་ལམ་ལ་ཆས་དགོས།
སྔ་དྲོའི་ཆུ་ཚོད་༡༠:༠༠ཡས་མས་སུ་རི་རྩེར་སླེབས་ནས་ཡུལ་ལྗོངས་ལ་རྒྱང་ལྟ་བྱས་ཆོག
སྔ་དྲོའི་ཆུ་ཚོད་༡༡:༠༠ཙམ་ལ་རི་ནས་བབས་ཏེ་མཆོད་རྟེན་གཉིས་ཡོད་སར་ཐོན་ངེས།
ཉིན་གུང་ཆུ་ཚོད་༡༢:༠༠ཆོས་སྐུ་དགོན་ལ་བསླེབས་ནས་ཇ་མངར་མོ་མཆོད་བཞིན་ངལ་གསོ་བྱས་ཆོག
དེ་ནས་ལྷ་ཆུ་གཙང་པོ་བརྒྱུད་ནས་ཆུ་ཚོད་༣ནས་༥སོང་ནའབྲི་རྭ་དགོན་པར་སླེབས་སྲིད་ལ། འབྲི་རྭ་དགོན་པའམ་མགྲོན་ཁང་ནས་ཞག་སྡོད་བྱས་ཆོག
ཉིན་གཉིས་པར་འབྲི་རྭ་དགོན་ནས་ལམ་ལ་ཆས་ཏེ་དར་ཆེན་ལ་སླེབས་པ་བྱས་ན། དེའི་དབར་སྤྱི་ལེ་༣༤ཡོད་ལ་ཆུ་ཚོད་༩ནས་༡༤བསྐྱོད་དགོས།
ཞོགས་པའི་ཆུ་ཚོད་༥:༠༠པར་འབྲི་རྭ་དགོན་ནས་ལམ་ལ་ཆས་ན་ཆུ་ཚོད་༡༠:༠༠ཡས་མས་སུ་སྒྲོལ་མ་ལར་སླེབས་སྲིད་ལ། ཆུ་ཚོད་༡༢:༠༠ཙམ་ལ་ངལ་གསོའི་གནས་སུ་སླེབས་ནས་ངལ་གསོ་ཅུང་རྒྱབ་ཆོག
ཆུ་ཚོད་༡༤:༠༠ནས་༡༥:༠༠བར་ངལ་གསོ་གནས་གཉིས་པར་སླེབས་ངེས།
ཆུ་ཚོད་༡༩:༠༠ནས་༢༠:༠༠བར་རི་ནས་བབས་ཏེ་དར་ཆེན་སླེབས་སྲིད།

(2)徒步两日Day1:塔钦——止热寺(约22公里,6-10小时)9:00吃完早饭后出发;10:00到达山坡顶部欣赏景色;11:00下山坡到达双腿佛塔处;12:00曲古寺歇脚,喝甜茶。沿着拉曲河走大概3-5小时候到达止热寺,住宿止热寺或者朝圣客栈,观赏冈仁波齐峰北壁,可欣赏到夕阳西下的美景以及第二天清晨的日照金山。Day2:止热寺——塔钦(约34公里,9-14小时)5:00从止热寺出发(此路段海拔跨度与坡度较大,比较难爬);10:00到达海拔最高点卓玛拉山口;12:00到达休息点,此地可以歇脚和午餐;14:00——15:00到达第二个休息点;19:00——20:00下山回到塔钦


༼ ༣ ༽རྐང་ཐང་ཉིན་གསུམ་ལ་འགྲོ་མཁན་ཚོའི་ལམ་ཐིག
ཉིན་དང་པོ། དར་ཆེན་ནས་འབྲི་རྭ་དགོན་བར་ཡིན་ལ། འདིའི་དབར་ལ་སྤྱི་ལེ་༢༢ཙམ་ཡོད།
ཉིན་གཉིས་པ་། འབྲི་ར་དགོན་ནས་རྫུ་འཕྲུལ་དགོན་དབར་ཡིན་ལ་། འདིའི་དབར་སྤྱི་ལེ་༢༢ཙམ་ཡོད།
ཉིན་གཉིས་པའི་ཞོགས་པའི་ཆུ་ཚོད༨:༠༠ནས་ལམ་ལ་ཆས་ཏེ། ཆུ་ཚོད་༡༢:༠༠ཙམ་ལ་སྒྲོལ་མ་ལར་འབྱོར་བ་དང་། ཆུ་ཚོད་༡༤:༠༠ངལ་གསོའི་གནས་སུ་སླེབས་སྲིད། ཆུ་ཚོད་༡༦:༠༠པར་ཇ་ཁང་ཡོད་སར་སླེབས་ངེས། ཆུ་ཚོད་༡༨:༠༠པར་རྫུ་འཕྲུལ་དགོན་པའི་ཞག་སྡོད་བྱེད་སར་སླེབས་སྲིད།
ཉིན་གསུམ་པར་རྫུ་འཕྲུལ་དགོན་ནས་ལམ་ལ་ཆས་ཏེ་དར་ཆེན་ལ་ཐོན་སྲིད་ལ། དེའི་བར་སྤྱི་ལེ་༡༢ཙམ་ཡོད།

(3)徒步三日
Day1:塔钦——止热寺(同两日游Day1)(约22公里)Day2:止热寺——尊珠寺(约22公里)8:00出发12:00到达卓玛拉山口14:00到达不动地钉,可歇脚16:00到达茶馆18:00到达尊珠寺住宿点住宿Day3:尊珠寺——塔钦(约12公里)最后一天可慢慢走回去,行程不赶。


དྲན་སྐུལ་ཞུ་རྒྱུར།
ཉེ་ཆར། གངས་རིན་པོ་ཆེའི་སྐོར་ལམ་དུ་གནམ་གཤིས་ལ་འགྱུར་ལྡོག་ཅུང་ཆེ་བས་སྟོད་ཐུང་མཐུག་པོ་བསྣམས་རྒྱུ་དང་བདེ་འཇགས་ལ་དོ་སྣང་བྱ་རྒྱུ།
དེ་བཞིན་གངས་སྐོར་ལ་འགྲོ་མཁན་ཚོས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་ངེས་པར་དུ་མཐའ་མཚམས་ལག་ཁྱེར་ལེན་དགོས་ལ། འགྲོ་མཁན་ཚོས་རང་ཉིད་ཀྱི་ཐེམ་ཐོ་ཡོད་སར་མཐའ་སྲུང་ལག་ཁྱེར་གྱི་འགྲོ་ལུགས་སྒྲུབ་ཆོག

特别提醒:
近期冈仁波齐区域气温相对寒冷,部分山路有冰雪路段,前往徒步的朋友一定做好安全措施,备好保暖衣物等。

根据相关规定,前往冈仁波齐必须办理边防证。建议大家尽量在出发前,在户籍所在地提前办好边防证


达瓦诺琼平台
欢迎大家来到我的平台
 最新文章