ཆོས་རྒྱམ་དྲུང་པ་རིན་པོ་ཆེའི་ཉིན་ཐོ་ཞིག

2024-04-28 21:45   西藏  


November Do not trust སུ་ལ་ཡང་བློ་མ་གཏད། "སུ་ལ་ཡང་བློ་མ་གཏད།" ཅེས་པའི་ཚིག་འབྲུ་དེ་ནི། ཧ་ཅང་གལ་ཆེ་བའི་དྲག་སྔགས་ཤིག་ཡིན་ཞིང་། སུ་ལ་ཡང་བློ་གཏད་མ་བྱས་ན། རང་ཉིད་རྐྱང་པའི་སྣང་བས་བསྒྲུབས་པའི་འཇིག་རྟེན་གསར་པ་ཞིག་ཏུ་བཟོ་ཐུབ། བློ་གཏད་བྱས་ནས་བློ་གཏད་གྱི་བློ་ཕུགས་དེ། ད་སྐབས་སུ། བློ་ཕམ་པའི་གཞིར་འགྱུར་རྒྱུ་ཡིན་པ་གོར་མ་ཆག །བློ་གཏད་ཡུལ་མེད་པ། གཏད་མཁན་མེད་པ། སྙིང་གཏམ་ཤོད་ས་མེད་པ། ཤོད་ཡུལ་མེད་པའི་གནས་ཚུལ་དེ་ཤེས་ན། གཞན་ལ་བློ་གཏད་མི་བྱེད་པར། རང་རྐྱ་ཕེར་བའི་གནས་ཚུལ་གསར་པ་དེ་ཤེས་ཐུབ། རང་རྐྱ་ཕེར་བའམ། རང་སྐྱོང་ཐུབ་པའི་ཚུལ་དེ་ཤེས་ཐུབ་ན། རང་ཉིད་ཀྱི་གྲོགས་རང་གིས་བྱེད་ཅིང་། རང་གི་བྱ་བ་ལ་རང་ཤུགས་ཚུད་ནས། ལས་ཀ་གང་ལ་ཡང་འཇིགས་སྐྲག་མེད་པའི་དཔའ་བོའི་ཁྱད་ཆོས་ཤིག་མངོན་ཐུབ། དེའི་སྐབས་སུ་རང་ལ་ཡོད་པའི་ཡོན་ཏན་དང་། རང་གི་འཇོན་ཐང་ཚང་མ་རང་གིས་ཤེས་ཐུབ་པ་ཞིག་ཡོང་ཞིང་། མ་ཟད་ནུས་པ་གསར་པ་ཞིག་ཀྱང་ཐོན་ཐུབ། ནུས་པ་གསར་པ་དེ་ནི། རྟག་པར་རང་རྒྱུད་ལ་ཡོད་ཅིང་། དེ་མངོན་ཐུབ་ཐབས་ཇུས་གཞན་གང་ཡང་མེད་དེ། རང་གིས་རང་ལ་བློ་གཏད་དང་། གཞན་གྱིས་རོགས་རམ་མི་བྱ་བ་ཤེས་པའི་སྐབས་སུ། རང་སྟོབས་དེ། ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཤེས་ཐུབ་རྒྱུ་རེད། དཔེར་ན། གཡག་རྒོད་ཁྱུ་ཚོགས་ཡིན་ན་སྡར་ཞིང་། གཡག་རྒོད་ཁེར་རྐྱང་ཡིན་ན། གཅན་སྤྱང་གིས་མི་ཐུབ་པའི་དཔེ་དང་འདྲ་ཞིང་། རང་ཐག་ཆོད་པ་དང་། རང་རྐྱང་ཕེར་བས། སུ་ལ་ཡང་བློ་གཏད་མི་བྱ་བ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། སུ་ལ་ཡང་བློ་གཏད་མི་བྱ་གཅིག་པུར་སྡོད། སུ་ཞིག་ཡིན་ཡང་། ནམ་ཞིག་བསླུ་བར་ངེས། སུ་འདྲའི་རྗེས་སུ་འཇུག་ན། རང་བློ་ཕམ་ཡང་། གཞན་ལ་བློ་གཏད་པའི་སྐབས་སུ། རང་སེམས་ལ། མི་དེའི་གནས་ཚུལ་དང་། བློ་གཏད་འོས་པའི་གཏན་ཚིགས་ཁྱད་ཆོས་ཤིག་ཡིད་ལ་བཞག་ནས། དེ་རྨིང་གཞིར་བྱ་བ་ནི། དཔེར་ན། མི་འདི་ནི་འདྲིས་བཟང་པོའོ། །མི་འདི་ནི་ཁ་ཉུང་ཉུང་ཡིན། མི་འདི་ནི་དགེ་སྡིག་ཤེས་མཁན་ཡིན། ཞེས་པའི་ཚིག་ཙམ་ཞིག་རྒྱུ་མཚན་དུ་བྱས་ཀྱང་། ནམ་ཞིག་ལ། མི་དེའི་སེམས་རྒྱུད་ལ་རྐྱེན་གསར་པས་བསླུས་པའམ། མི་དེ་ཡི་ཁྱད་ཆོས་དང་། རང་གཤིས་དེའི་ཟུར་ཞིག་ལ་འཕོ་འགྱུར་ཐེབས་པའི་སྐབས་སུ། བློ་གཏད་བྱས་པའི་ཚད་མ་ཚང་མ་འཇིག་པའམ། ཚད་མ་དེས་བཟོས་པའི་གཏན་ཚིགས་དེ་ལ་ཐེ་ཚོམ་ཤོར་ནས། མི་དེ་བློ་ཕམ་དང་། དོགས་པའི་རང་གཟུགས་ཤིག་ཏུ་མཐོང་ནས། རང་ཉིད་ཀྱི་ལག་པའམ། རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཤོར་བ་ལྟ་བུ་ཞིག་ཏུ་གྱུར་ནས། མི་དེ་དང་། རང་གཉིས། ཁང་པའི་ཀ་བ་དང་། གདུང་མ་ལྟ་བུར་བྱས་ནས། གཅིག་ལ་གཅིག་གྲོགས་བྱེད་པའི་ནུས་ཤུགས་ཆ་ཚང་མ་ཤོར་ཏེ། མི་ཚེའི་མ་འོངས་པའི་འཆར་གཞི་ཚང་མ་འཁྲུགས་འགྲོ་གི་


达瓦诺琼平台
欢迎大家来到我的平台
 最新文章