བུད་མེད་ཞིག་ལ་ཚང་དགོས་པའི་ཡོན་ཏན་བརྒྱད།

2024-05-15 07:27   西藏  
 མཛངས་མ་ཞིག་ལ་མཛེས་པའི་ཡོན་ཏན་སྣ་ཚོགས་ཡོད་སྲིད་ཀྱང་། ཆེས་མེད་དུ་མི་རུང་པ་འགའ་ཡོད་དེ། ཁྱེད་ལ་ཡོན་ཏན་གང་དག་འཛོམས་དགོས་པ་ཤེས་འདོད་ན། གཤམ་ལ་གཟིགས་རོགས།    


     1བློ་དཀར། མཛངས་མ་ཞིག་ལ་མཚོན་ན་བློ་དཀར་སེམས་དཀར་ནི་མ་མཐའ་ཡང་ཚང་དགོས་པའི་ཆ་རྐྱེན་ཞིག་ཡིན། སྒེར་སེམས་དང་ཕྲག་དོག་གི་དབང་དུ་སོང་ནས། བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་དེ་མེད་པར་བཟོས་ཚེ་འཕྱོར་སྒེག་ག་འདྲ་ཞིག་ཡོད་ཀྱང་། ཀུན་གྱི་མིག་ནང་གི་ཚེར་མ་ལྟ་བུར་གྱུར་འགྲོ། 

      

      2རང་གཅེས། སྐྱེ་བོ་ཚང་མ་འདྲ་མཉམ་ཡིན་པས། ང་ཚོ་ཚང་མས་འཚོ་བའི་ཐོབ་ཐང་ཡོད་དོ་ཅོག་མཉམ་དུ་ལོངས་སྤྱོད་བྱས་ཆོག བུད་མེད་ཅིག་སྤུས་ཀ་ངན་པའི་ས་གདན་ལྟ་བུ་ཞིག་ཏུ་གྱུར་ཚེ། སྐྱེ་བོ་སུས་ཀྱང་རྡོག་བརྫིས་གཏོང་བར་མ་ཟད། ངོ་ཚ་མེད་པའི་མི་ཞིག་ཏུ་འགྱུར་འགྲོ། རང་བརྩི་རང་བཀུར་མེད་པའི་བུད་མེད་ཅིག་གིས་མཛེས་སྤྲས་ཇི་ལྟར་བྱས་ནའང་མི་རྣམས་ལ་ཞེན་པ་ལོག་པའི་སྣང་བ་སྟེར་སྲིད། 

    

     3ཀུན་སྤྱོད། བུད་མེད་ཅིག་ལ་མཛེས་སྡུག་དང་སྒེག་ཉམས་མེད་ཀྱང་ཆོག་ལ། ཡིན་ནའང་ཀུན་སྤྱོད་མེད་མི་རུང་། ཀུན་སྤྱོད་ནི་བག་ལ་ཉལ་བའི་གཤིས་རྒྱུད་ཅིག་སྟེ། དེས་སྐྱེ་བོ་དག་གི་ཡིད་དབང་འཕྲོག་པ་མ་ཟད། འཚོ་བའི་ཁྲོད་དུའང་ཀུན་སྤྱོད་ཅན་གྱི་བུད་མེད་ངེས་པར་མཁོ་ལ། ཁྱིམ་ཚང་ལ་དེ་བས་ཀྱང་མཁོ་སྟེ། ཆུང་མ་དང་ཨ་མ། མནའ་མའི་ངང་གཤིས་སྐྱོང་བ་ལ་དེ་བས་ཀྱང་ངོ་།

     

      4གཤིས་འཇམ་གཞུང་དྲང་། མཛངས་མ་ཞིག་ལ་གཤིས་དྲང་གི་ཀུན་སྤྱོད་མེད་མི་རུང་སྟེ། གཤིས་དྲང་ནི་བུད་མེད་ཅིག་གི་ཆེས་མཛེས་པའི་ཆ་ཞིག་ཡིན། གཤིས་ཀ་ལེགས་པའི་བུད་མེད་དེའི་རིགས་ཀྱིས་སྐྱེ་བོ་ཀུན་གྱི་ཡིད་སེམས་འཕྲོག་སྲིད་པ་དང་།  མི་སུའི་སེམས་ལའང་རང་དབང་མེད་པར་དགའ་ཚོར་ཞིག་སྟེར་སྲིད། གཤིས་ཀ་དྲང་པའི་བུད་མེད་དེའི་རིགས་ཀྱིས་ཁྱིམ་མི་དང་ལྷན་དུ་སྐྱིད་རྟ་ཕོ་མཉམ་བཞོན་དང་། སྡུག་གི་ཁུར་བོ་མཉམ་ཁུར་བྱེད་སྲིད།  

   

      5བཟོད་སྒོམ། བུད་མེད་ནི་འཁྲབ་སྟོན་སྣ་ཚོགས་བྱ་ཤེས་པའི་འཁྲབ་སྟོན་མ་ཞིག་བྱ་དགོས་ཏེ། དཔེར་ན། བུ་མོ། ཆུང་མ། མནའ་མ། ཨ་མ་བཅས་ཀྱི་ཚབ་བྱས་ནས་བཟོད་སྒོམ་བྱ་ཐུབ་དགོས།  གལ་ཏེ་བཟོད་སྒོམ་བྱ་མ་ཐུབ་ཚེ་སྡུག་བསྔལ་སྣ་ཚོགས་འབྱུང་སྲིད། དེ་བས་བཟོད་སྒོམ་ནི་བུད་མེད་ཅིག་ལ་མཚོན་ན་ཤིན་ཏུ་ནས་གལ་ཆེ་བའི་ཆ་རྐྱེན་ཞིག་ཡིན། 

      

   

 6གུ་ཡངས། འཇིག་རྟེན་འདིར་འཚོ་བ་རོལ་བཞིན་པའི་མི་ཞིག་ལ་མཚོན་ན། ཕན་ཚུན་བར་འབྲེལ་བ་བྱ་རྒྱུ་ནི་ཆེས་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པས། འབྲེལ་བ་བྱེད་པའི་གོ་རིམ་ཁྲོད་ཕན་ཚུན་བར་མི་དགའ་བའི་དོན་ཆེ་ཆུང་སྣ་ཚོགས་འབྱུང་སྲིད། དེ་བས། གུ་ཡངས་གཏོང་པའི་འདུ་ཤེས་སྐྱེད་སྲིང་བྱ་དགོས།  ལྷག་པར་དུ་བརྩེ་འདང་གི་ཕྱོགས་ནས་ཕན་ཚུན་ལ་གུ་ཡངས་དང་བཟོད་སྒོམ་བྱ་དགོས། ཡིན་ནའང་། གུ་ཡངས་དང་བཟོད་སྒོམ་ལ་ཚད་ཐིག་ཅིག་དགོས། དེ་འདྲ་མ་བྱས་ཚེ་རང་ལ་གྱོང་གུན་ཐེབས་སྲིད། 

   

     7རང་ཉིད་ལ་ལྟ་བ་ཡོད་པ། དེང་སྐབས་ནི་ཤེས་ཡོན་ཕུན་སུམ་ཚོགས་པའི་དུས་རབས་ཤིག་ཡིན་ལ། ཤེས་ཡོན་གྱིས་ཐད་ཀར་མིའི་རིགས་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ནུས་པ་དང་། ཤེས་ཡོན་ནི་སློབ་དེབ་ཁོ་ནའི་སྟེང་བྱུང་བ་མིན་པར། མི་ཚེའི་ཁྲོད་ཀྱི་ཉམས་མྱོང་དང་ཤེས་པ་བསགས་ནས་བྱུང་བ་ཡིན། ཤེས་ཡོན་ཕུན་སུམ་ཚོགས་པའི་བུད་མེད་ཅིག་ཡིན་ཚེ། གནད་དོན་ཅི་ཞིག་ལ་འཕྲད་ཀྱང་རང་ཉིད་ཀྱི་ལྟ་བ་ཡོད་པའི་རྨང་གཞི་སྟེང་། བློ་དང་ཤེས་རབ་ཀྱིས་གནད་དོན་ཐག་གཅོད་བྱས་ནས། ཁྱིམ་ཚང་ལ་ལྷིང་འཇགས་དང་བདེ་སྐྱིད་བསྐྲུན་པར་བྱེད་ནུས། 

     8བཏང་སྙོམས། མཛངས་མ་ཞིག་ཡིན་ཚེ་སྤྱི་ཚོགས་སྟེང་གི་འབྲེལ་བ་སོ་སོ་བཏང་སྙོམས་ཀྱི་ཡོན་ཏན་ཡོད་དགོས། དཔེར་ན། མི་དང་མིའི་བར་གྱི་འབྲེལ་བ། རང་ཉིད་ཀྱི་ནུས་པ། དཔལ་འབྱོར་གྱི་བདག་དོམ། ད་དུང་རང་ཉིད་ཀྱི་སེམས་ཁམས་བཅས་ལ་བཏང་སྙོམས་དུ་བཞག་དགོས་པ་ལས། དོན་དངོས་དང་མི་མཐུན་པའི་རིགས་དག་ལ་རེ་སྙེག་མི་བྱེད་པ་དང་། ཡིན་མིན་གྱི་སྐད་ཆ་སྣ་ཚོགས་ལབ་ནས་འགལ་བ་མི་བཟོ་བ་བྱས་ནས། རང་ནུས་ཡོད་ཚད་ཀྱི་སྒོ་ནས་འོས་ཤིང་འཚམས་པའི་བྱ་བ་བསྒྲུབ་ཚེ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ། 



ཡོངས་ཁུངས། སེམས་ཀྱི་ཞིང་ཁམས


达瓦诺琼平台
欢迎大家来到我的平台
 最新文章