སློབ་མའི་མིག་ཤེད་སྲུང་བའི་ཐད་རྒྱལ་ཁབ་ཀྱིས་འདི་ལྟར་གསུངས།

2024-03-31 16:01   西藏  


སྤྱི་ཟླ་3པའི་ཚེས་25ཉིན། རྒྱལ་ཡོངས་ཀྱི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་དྲིལ་བསྒྲགས་སློབ་གསོའི་ཟླ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཅི་ནན་དུ་གཉེར་བ་དང་། སློབ་གསོ་པུས། ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གིས་སློབ་མའི་སློབ་གསེང་བྱེད་སྒོར་འགན་ལེན་བྱ་དགོས་པ་དང་། ཉིན་ལྟར་སློབ་གསེང་རིང་དུས་ཚོད་སྐར་མ་30ཡི་ལུས་རྩལ་བྱེད་སྒོ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། སློབ་མ་ཚོར་སློབ་ཕྱིའི་བྱེད་སྒོ་སྤེལ་བ་དང་མིག་རྒྱང་རིང་སར་བལྟས་ཏེ་མིག་ཤེད་སྲུང་བའི་དུས་ཚོད་མང་ཙམ་སྤྲོད་དགོས་ཞེས་ཁ་གསལ་བཏོན་འདུག



     སློབ་གསོ་པུས། སླད་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་རྫོང་དང་། གྲོང་ཁྱེར། ཆུས་བཅས་200དང་། སྒྱུར་བཅོས་ཚོད་ལྟའི་ཁུལ་63བཀོད་སྒྲིག་བྱས་ཏེ། སློབ་གྲྭ་འབྲིང་ཆུང་སློབ་མས་སྔ་དྲོ་དང་ཕྱི་དྲོ་མིག་སྲུང་གི་ལུས་སྦྱོང་ཐེངས་རེ་བྱ་དགོས་པ་དང་། འཛིན་གྲྭ་རེས་ཟླ་བ་རེར་མིག་ཤེད་ཐེངས་རེ་འཇལ་བ་སོགས་ཀྱི་བྱ་ཐབས་བཟུང་ནས། གཞོན་ནུ་ལོ་ཆུང་གི་རྒྱང་གྲིབ་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། མིག་བེད་སྤྱོད་ལུགས་མཐུན་བྱེད་པའི་གོམས་གཤིས་འཇགས་པ་བྱེད་དགོས་ཞེས་བསྟན་འདུག

来源:中央广播电视总台藏语
编辑:次仁旺拉


达瓦诺琼平台
欢迎大家来到我的平台
 最新文章