རབ་འབྱམས་རྒྱལ་བ་སྲས་བཅས་འཕགས་ཚོགས་དགོངས། །
བོན་གྱི་ཡོངས་བཅུད་ཐེག་ཆེན་ལམ་གྱི་གཞི། །
སོར་བྱང་སྔགས་ཀྱི་སྡོམ་པ་བླ་མེད་མཆོག །
མི་ཉེས་སྲིད་མཐའི་བར་དུ་རྒྱས་གྱུར་ཅིག །
ཅེས་པའི་སྡོམ་གསུམ་སྨོན་ལམ་ཉུང་འདུས་འདི་ལྟར་གྲངས་བསོགས་བདེའི་ཕྱིར་དགོས་ཞེས་རྩེ་དྲུག་བླ་མ་ཚུལ་ཁྲིམས་གྲགས་པའི་དགོངས་བཞེད་བཞིན་དབྲ་བ་བླ་མ{1}མིང་པ་དེས་ཐོལ་ཤར་སྨྲས་པ་དགེ ། {1}{དབྲ་བའི་བླ་རབས་ཉེར་གཅིག་པ་དྲི་མེད་འོད་ཟེར་ཡིན་པ་འདྲ།}