{དམུ་ཐག་སྐོར་ལེགས་པ་ཞིག་འདུག}
ཀྱཻ་བལ་གྱི་དམུ་ཐག་དཀར་པོ་འདི།།
ལྷ་ཡི་དམུ་ཐག་གྱེན་དུ་འཐེན།།
ཕོ་ལྷ་སྒྲ་བླའི་རྟེན་དུ་བཙུག།
སྐྱ་གསུམ་དག་ཏུ་སྒྲིལ་བ་འདི།།
ཚེ་གཡང་དཔལ་གསུམ་འཛོམ་པར་ཤོག།
འདི་{འདོམ}གསུམ་ཚད་ལ་སྙམ་པ་འདི།།
སྲིད་གསུམ་ཟིལ་གྱིས་ནན་པར་ཤོག།
བལ་འདབ་བཅུ་ཚར་བཏགས་པ་འདི།།
དགེ་བཅུ་དོན་དང་ལྡན་པར་ཤོག།
གཞན་ཡང་ཕྱོགས་དུས་གནས་སྐབས་སུ།།
ཆར་ཆུ་དུས་བབ་ལོ་ཏོག་ལེགས།།
མི་ཕྱུགས་འཕེལ་ཞིང་ཚེ་སྲོག་བརྟན།།
ལྷ་གཡང་རྒྱས་ཤིང་རླུང་རྟ་དར།།
གྲགས་པ་ཆེ་ཞིང་སྟོབས་དང་ལྡན།།
དགྲ་ལས་རྒྱལ་ཞིང་བགེགས་ལ་དཔའ།།
དགེ་བསམ་བློ་གྲོས་མཐར་ཕྱིན་ཤོག།