ཀྱེ་མ་ཀྱི་ཧུད་དཀོན་མཆོག་གསུམ་པོ་མཁྱེན། ཆུ་ཁོལ་བླ་མ།

文摘   2025-01-09 20:43   四川  

ཀྱེ་མ་ཀྱི་ཧུད་དཀོན་མཆོག་གསུམ་པོ་མཁྱེན། རྒྱུ་འབྲས་རྣམ་སྨིན་ནམ་ཡང་འཁོར་བ་ལ། ད་དུང་ཤི་བསམ་ཡིད་ལ་མི་དྲན་རྟགས་འཛིན་པར་། སྣོད་བཅུད་ཀྱི་ཆགས་འཇིག་འདི་དག་སུས་ཀྱང་ལྡོག་ཏུ་མེད་པ་ཞིག་རེད་ཨང་། སྟོབས་འབྱོར་དང་མངའ་ཐང་ཅི་ལྟར་ལྡན་རུང་འབྱུང་བཞིའི་གནོད་འཚེ་གྱི་འཇབ་རྒོལ་ལས་རྒལ་ཏུ་མེད། ཚན་རྩལ་གྱི་སྒྱུ་འཕྲུལ་ཅི་ལྟར་རྒོད་ཀྱང་། དེ་རིང་གི་རྐྱེན་ངན་འདི་དག་ལས་མ་ཐར།  ད་ནི་རང་བྱུང་གི་སྣོད་བཅུད་ལ། རང་བྱུང་གི་ཆགས་འཇིག་ཡིན་པར་ཤེས་དགོས་པ་ལས་གཞན་སུས་ཀྱང་སྔོན་འགོག་དང་ཚོད་དཔག་མི་ནུས་པར་། ལུང་ལས། ཕྱི་སྣོད་འཇིག་རྟེན་མེ་ཆུ་རླུང་གིས་འཇིགས། ནང་བཅུད་སེམས་ཅན་ནད་མུག་མཚོན་གྱིས་སྟོང་། ཐམས་ཅད་འཇིགས་པའི་རང་བཞིན་ཡིན་པ་ལ། འདི་ལ་རྟག་པར་འཛིན་པ་སྙིང་རེ་རྗེ། མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། གསུང་པ་ཅི་བཞིན་དུ་། ཡུལ་ཁམས་སོ་སོར་ལ།  འཕྲལ་གྱི་རྐྱེན་ངན་བྱུང་བའི་། འབྱུང་བཞིའི་གནོད་འཚེ་ཕོག་པའི་་ལུས་སེམས་བྲལ་བའི་ཤ་རུས་གཅིག་པའི་འདས་པོ་ཡོངས་ལ་་ངན་སོང་སྐྱེ་སྒོ་གཅོད་ནས་བདེ་ཆེན་ཞིང་དུ་སྐྱེ་བའི་སེམས་བསྐྱེད་རྣམ་པ་དག་པའི་སྨོན་ལམ་ཡང་ཡང་འདེབས་པར་ཞུ་ཞུ། 

           ཆུ་ཁོལ་བླ་མ་ནས།  

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章