༢༠༢༤ ལོའི་དབྱར་ཟླ་བ་གཉིས་ཀྱི་ཟིན་ཐོ།

文摘   2024-08-30 19:15   四川  

སྤྱི་ལོ ༢༠༢༤  ལོ་སྟེ་བོད་རབ་བྱུང་བཅུ་བདུན་པའི་ཤིང་འབྲུག་ལོའི་རྫ་སྟེང་ཆེན་དགོན་གྱི་བཤད་གྲྭའི་དབྱར་ཀའི་གུང་གསེང་ཟླ་བ་གཉིས་ཀྱི་རིང་དུ་ཁོ་བོ་ཤར་རྫའི་རི་ཁྲོད་དུ་སྡོད་དེ་དམ་པ་དག་གི་དྲུང་ནས་དབང་ལུང་ཁྲིད་གསུམ་ཐོབ་ཚུལ་དང་།   ཁོ་བོས་ཁྲིད་དང་ལུང་སོགས་ཞབས་ཏོག་བགྱིས་ཚུལ་ནི།  

རྒྱལ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་མདུན་ནས་ཀུན་མཁྱེན་ཤར་རྫ་བའི་མཛོད་ཆེན་རྣམ་ལྔ་ལས་ལུང་རིགས་རིན་པོ་ཆེའི་མཛོད་ཁྲིད་ཐོབ།    མཁན་པོ་རིག་འཛིན་དབང་རྒྱལ་མདུན་ནས་བོན་འཆད་མཁས་པའི་མགུལ་རྒྱན་ཁྲིད་ཐོབ།   དབྲ་སྤྲུལ་མདུན་ནས་ཀུན་རིག་དང་།   ཀློང་རྒྱས།   ཁྲོ་བོ།   བདེར་འདུས་བཅས་ཕྱག་རྒྱ་བསྒྱུར་ཚུལ་བསླབས་པའི་སྐལ་བ་ལྡན།   {དགོན་ནང་མར་སོང་ནས་དབྲ་སྤྲུལ་མདུན་ནས་ཆོ་ག་བཅུ་གཉིས་བརྒྱུད་དབང་དང་བཅས་པ་ཐོབ}    

ཕྲན་བུས་སྒྲུབ་གྲྭ་ལོ་རིམ་དང་པོ་ལ་མཛོད་ཆེན་རྣམ་ལྔ་ལས་སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་ལེའུ་བཅུ་དགུ་བ་དང་།   ཉི་ཤུ་བ།  ཉེར་གཅིག་གསུམ་གྱི་འགྲེལ་བ་དང་།   ཡང་ཟབ་ནམ་མཁའ་མཛོད་ཆེན་ལས།  བོན་འཆད་མཁས་པའི་མགུལ་རྒྱན་ཁྲིད།   

སྒྲུབ་གྲྭ་འདུས་བྱིང་ལ་ཡང་ཟབ་ནམ་མཁའ་མཛོད་ཆེན་ལས།   བར་དོའི་ངོ་སྤྲོད་གསེར་གྱི་མེ་ལོང་དང་།    ཡང་ཟབ་ནམ་མཁའ་མཛོད་ཆེན་ལས།  ཐེག་དགུ་གྲུབ་མཐའི་རྣམ་བཞག      རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག{ཀུན་མཁྱེན་ཉི་མའི་མཛད་པ་ཅན།}བཅས་ཁྲིད།

   

སྡོད་ཤག་ནས་སྟོན་པའི་ཐེག་འགྲེལ་རྒྱུ་ཐེག་སྐོར་དང་།    ས་དཔྱད་གསལ་བའི་མེ་ལོང་།   ས་འདུལ་གསེར་གྱི་བུམ་བཟང་།    སྲུང་མ་སྡེ་དྲུག་གི་ཞལ་ནམ་བྲན་སྟངས།   གཟུངས་གཞུག་འཁོར་ལོའི་ལག་ལེན།   མུན་ནམ་ཁོངས་འཇོམས་དང་གསེར་ཞལ་སེར་པོའི་སྐོར།   ནག་རྩིས་སྣང་སྲིད་མེ་ལོང་གི་སྔོན་འགྲོ་དང་།   ཀེགས་རྩིས།    གཤིན་རྩིས་བཅས་ཁྲིད།    ལྷ་གཉེན་ཤེལ་སྒོང་ཆ་ཚང་།   ལེགས་བཤད་མཛོད་ཆ་ཚང་བཅས་ཁྲིད་དང་།   དྲྭ་ལམ་ནས་སྙན་ངག་རྒྱན་གསུམ་སྐོར་ཞིག་ཁྲིད།   ལུང་ཕྲན་ཚེགས་བཅས་སོ་སོའི་འདོད་མོས་བཞིན་ཕུལ་བའི་སྐལ་བ་ལྡན་སོང་།     

(ཚུར་ཉན་པའི་སྐབས་སུ་སྟོབས་ལྡན་བློ་གསལ་དད་ཆེ་ལ་ཞེས་པའི་བརྗོད་དོན་དང་རིང་དུ་བསྐལ་ཞིང་།    ཕར་འཆད་པའི་སྐབས་སུའང་སྦྱངས་པའི་ཤེས་རབ་ཆེ་བ།  ཀུན་སློང་གི་བསམ་པ་དག་པ།   གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པ་སོགས་ཀྱི་དོན་དང་བསྐལ་ནའང་།    རྒྱུད་དག་པར་བྱ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དངོས་སུ་མེད་ཀྱང་ཉན་པ་པོ་ལ་ཕན་སེམས་བཟང་པོའི་ཀུན་སློང་དང་།   ཉན་བཤད་གང་གི་སྐབས་སུའང་སྣང་བ་དག་པར་བྱ་བ་གསང་སྔགས་ཀྱི་ཀུན་སློང་གི་ཕྱོགས་གཏོགས་རང་བློ་ལ་འཆར་བདེ་བའི་འདུ་ཤེས་བླ་མའི་ཞལ་ཁྲིད་བཞིན་ཕུན་སུམ་ཚོགས་པ་ལྔ་སྟེ།  གནས་ཕུན་སུམ་ཚོགས་པ་འོག་མིན་གཉིས་པ་གཡུང་དྲུང་ལྷུན་པོ་དཔལ་གྱི་རི་བོ།   བླ་མའམ་སྟོན་པ་ཕུན་སུམ་ཚོགས་པ་རྒྱུད་གསུམ་བསྟན་པའི་མངའ་བདག་དཔལ་གྲུབ་དབང་ཤར་རྫ་འཇའ་ལུས་པ།   འཁོར་ཕུན་སུམ་ཚོགས་པ་ཉམས་དང་རྟོགས་པའི་མངའ་བདག་རྫོགས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ།   དུས་ཕུན་སུམ་ཚོགས་པ་ཟབ་མོ་རྫོགས་པ་ཆེན་པོ་གཞི་བཞེངས་སུ་བསླང་བའི་དུས།   བོན་ཕུན་སུམ་ཚོགས་པ་ཟབ་མོ་དགོངས་གཏེར་བཀའ་བརྟེན་མཛོད་ཆེན་རྣམ་ལྔ་སོགས་ཡིན་ལ་ཡིན་པའི་བློ་བཞག་ཅིང་གསལ་གདབ་ཅི་ཐུབ་ཀྱིས་འདུ་ཤེས་མ་བོར་བའི་ཁུལ་བཅས་སོ།  །)           བོན་རྒན་ཚེ་རྒན་གྱི་དབྱར་ཟླ་གཉིས་ཀྱི་ཟིན་ཐོ།

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章