རྫ་སྟེང་ཆེན་དགོན་གྱི་ཀུན་རིག་གནས་སྟོང་ཆེན་མོའི་བརྡ་སྦྱོར།
ན་མོ་བོན་ཉིད་རྒྱལ་བའི་དཀྱིལ་འཁོར་ན།།
རྣམ་སྣང་རྒྱལ་པོ་ནམ་མཁའི་འགྲོ་བ་འདྲེན།།
ཀུན་རིག་དཀྱིལ་འཁོར་ལྷ་ཚོགས་རྣམས།།
དུས་འདིར་བདག་ལ་དགོངས་སུ་གསོལ།།
ཞེས་ཀུན་རིག་རྩ་བའི་ལྷ་ཚོགས་རྣམས་ལ་དགོངས་གསོལ་ཞུ་བ་སྔོན་དུ་བཏང་སྟེ།
ད་ལན་ཕྱོགས་སོ་སོའི་དད་ལྡན་སྦྱིན་བདག་ཕོ་མོ་ཡོངས་ལ་ཞུ་གསོལ། ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་བཟང་ངན་ལས་ཀྱི་འབྲེལ་བའི་སེམས་ཅན་སྤྱི་དང་ཉམ་ཐག་སྐྱོབ་མེད་བར་དོའི་སེམས་ཅན་མུ་མཐའ་མེད་པ་ལ་དམིགས་ཏེ་ལོ་ལྟར་སྟོན་པ་སངས་རྒྱས་ཀྱི་ཚོགས་བསགས་སྒྲིབ་སྦྱོང་དང་བྱང་ཆོག་གི་ཆེད་དུ་གསུང་པའི{བདེར་གཤེགས་ཀུན་རིག་སྒྲོན་མའི}གནས་འདྲེན་སྟོང་ཚར་གསུང་སྲོལ་ཡོད་པ་གཞིར་བྱས་ད་ལན་བསྙེན་སྨྱུང་ཆེན་མོའི་སྐབས་ཕྱོགས་ཀུན་ནས་འབྱོར་བའི་བསྔོ་འབྲེལ་རིགས(བྱང་ཆེན་བཞུ་རྒྱུ)དང་བསྟུན་ནས་སྤྱི་ཟླ ༢ པའི་ཚེས ༢ ཉིན་བཅའ་གཞི་དང་། ཚེས ༣ དང་ ༤ ཉིན་གཉིས་ཀྱི་རིང་དུ་དབྲ་སྤྲུལ་རིན་པོ་ཆེ་དབུས་པའི་བླ་གྲྭ་ཡོངས་རྫོགས་འཚོགས་འཆར་ཡོད་པ་དད་སྦྱིན་ཡོངས་ལ་དྲན་བསྐུལ་དུ་ལོ་འདིའི་བདག་གཉེར་འགན་འཛིན་ཁང་ནས།
ཁ་པར་ཨང་གྲངས།
136 1813 8771_17369050802