སྟག་ལའི་ཚོགས་སྟོང་བརྡ་སྦྱོར།  

文摘   2025-02-04 20:35   四川  

སྟག་ལའི་ཚོགས་སྟོང་བརྡ་སྦྱོར།  


བོན་ཉིད་དབྱིངས་ཀྱི་གསས་མཁར་ནས།།

བདེ་བར་གཤེགས་པ་ཐུགས་ཀྱི་སྲས།།

སྟག་ལ་མེ་འབར་དབལ་གྱི་སྐུ།།

གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ།།


འདི་རྒྱལ་བསྟན་ཡང་དར་གྱི་དུས་དང་འགྲོགས་ཏེ་ངེད་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་བླ་མེད་དབྲ་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་མཆོག་དང་།     མཁན་པོ་བསོད་ནམས་དངོས་གྲུབ་རྣམ་གཉིས་ཀྱིས་སྔ་ཕྱི་རིམ་པའི་བོན་གྱི་བསྟན་པའི་གཉེར་འཛིན་རྒྱལ་བ་གཤེན་ཚང་ངམ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་ལ་དགོངས་རྟགས་ཞུས་པའི་བསྟན་འགྲོ་ཡོངས་ལ་རྫ་སྟེང་ཆེན་དགོན་གཞུང་ནས་ལོ་ལྟར་སྟག་ལའི་ཚོགས་སྟོང་རེ་འདོན་དང་དེས་ཆོག་གསུངས་པ་བཞིན་སྟག་ལ་སྤུ་གྲི་དམར་ནག་གི་གཞུང་སྦྲག་ནས་ཚོགས་བསྡུས་སོགས་གང་གི་ཚབ་མ་བྱས་ཏེ་ལོ་རེ་གཞུང་ཚར་སྟོང་ལས་བརྒལ་བ་དང་མཉམ་པའི་བསྐང་བ་དང་ཟློག་པ་རྒྱས་པར་འགྲོ་ངེས་མཛད་ནས་མི་ལོ་སུམ་ཅུ་ཙམ་དེ་སྔར་སོང་ཟིན་ལ།  

ད་ལན་ཡང་སྔར་སྲོལ་ཇི་བཞིན་སྤྱི་ལོ ༢༠༢༥__ ཉིན་བཅའ་གཞི་དང་།   སྤྱི་ཚེས ནས་ བར་བླ་གྲྭ་རྒྱས་འཛོམས་ཐོག་གསུང་གིན་ཡོད་པའི་རྒྱལ་བསྟན་སྤྱི་དང་།    ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་དར་ཞིང་རྒྱས་ཏེ་དེ་འཛིན་སྐྱེས་བུ་ས་སྟེང་སུ་བཞུགས་ཀྱི་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིན་མཁའ་མཐར་ཁྱབ་ནས་མཐའ་ཡས་པའི་འགྲོ་བ་ཀུན་ཀ་གནས་སྐབས་དང་མཐར་ཐུག་གི་བདེ་འབྲས་མྱུར་དུ་ཐོབ་པའི་སྨོན་པ་དང་བཅས།  


དབྲ་སྤྲུལ་ཟིལ་ནོན་བདུད་འཇོམས་གླིང་པའི་ཞལ་ནས།


རྒྱལ་བའི་བསྟན་པ་སངས་རྒྱས་གཡུང་དྲུང་བོན།།

བཤད་སྒྲུབ་དར་རྒྱས་འདུས་གྲྭ་ཁྲི་སྟོང་སྤེལ།།

དེ་ལ་བརྟེན་ནས་འཇིག་རྟེན་ཁམས་འདིར་རུ།།

འགྲོ་ཀུན་བདེ་སྐྱིད་ལོངས་སྤྱོད་འབྱུང་གྱུར་ཅིག།

136 1813 8771      17369050802


扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章