ཨེ་མ་ཧོ།
གཤེན་བསྟན༵་བདག་ཉིད་ཀུན་མཁྱེན་ཤར་རྫ་བའི།།
རྗེས་འཛིན༵་རྒྱལ་ཚབ་བློ་གྲོས་མཚན་ཅན་སོགས།།
སྔ་འགྱུར༵་བོན་གྱི་བཤེས་གཉེན་མཆོག་རྣམས་དང་།།
དབྱེར་མེད༵་མཚན་ལྡན་བླ་མར་གསོལ་བ་འདེབས།།
དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་འབྲས།།
འཁོར་བར་ངེས་འབྱུང་སྐྱེས་པར་བྱིན་གྱིས་རློབས།།
གཞན་ཕན་བྱང་སེམས་འབྱོངས་པར་བྱིན་གྱིས་རློབས།།
བདག་མེད་ལྟ་བ་རྟོགས་པར་བྱིན་གྱིས་རློབས།།
ཞེས་གཡུང་དྲུང་ཡེ་ཤེས་དང་ཚུལ་ཁྲིམས་ཡེ་ཤེས་རྣམ་གཉིས་ནས་བསྐུལ་ངོར་ཨ་འཇིགས་ནས་གུས་པའི་བྲིས་ཏེ་ཕུལ་བའོ། །
{གསུང་དུས་སྤྱི་ལོ ༢༠༠༩ ལོའི་ཟླ་བ་དང་པོའི་མཇུག་ཏུ་ཕལ་ཆེར་ཡིན་ས་ཡོད།}