དགུ་དང་པོའི་དགུ་གཏོར་བརྡ་སྦྱོར། རྫ་སྟེང་ཆེན་དགོན།

文摘   2024-12-16 12:04   四川  
དགུ་དང་པོའི་དགུ་གཏོར་བརྡ་སྦྱོར།

ཁྲོ་ཚོགས་གཅིག་སྒྲུབ་ཁྲོ་བོ་ཀུན་གྱི་ངང་།  

ཁྲོ་རྒྱལ་མཁའ་འགྱིང་ཁ་ལ་ཕྱག་འཚལ་ལོ།  


དེ་ཡང་ལུང་ལས།   བྱང་བགྲོད་སྟོབས་ལྡན་དཀར་ཕྱོགས་ལ།   །ཞི་རྒྱས་ལས་ཀུན་ཤིས་པ་དང་།   །ལྷོ་བགྲོད་མར་ངོ་ཁྱད་པར་དུ།   །ཉི་མ་ཀླུངས་ཞུགས་དུས་ཉིད་ན།   །དབང་དྲག་ལས་རྣམས་ནུས་ངར་ལྡན།   །ཞེས་གསུངས་པ་བཞིན་དགུན་ཉི་ལྡོག་གི་སྐབས་སུ་དབང་དྲག་གི་ལས་ལྷག་པར་མྱུར་བ་ལ་དགོངས་ཏེ་སྔོན་བྱོན་མཁས་གྲུབ་གོང་མའི་ཕྱག་སྲོལ་ཇི་བཞིན་རྫ་སྟེང་ཆེན་དགོན་དཔལ་གཤེན་བསྟན་མདོ་སྔགས་བསྟན་རྒྱས་གླིང་གི་འཚོགས་ཆེན་བཞི་ཡི་ཡ་གྱལ།    དགུ་དང་པོའི་དགུ་གཏོར་དགུན་ཉི་ལྡོག་དང་བསྟུན་ཏེ་གྲྭ་ཚང་ཡོངས་ཀྱིས་ཞི་བ་ཨ་གསལ་དང་སྦྲགས་ཏེ་ཁྲོ་བོ་ངོ་མཚར་རྒྱས་པའི་གཞུང་ཉིན་བདུན་གྱི་རིང་དུ་གསུང་རྒྱུ་དང་།    བླ་གྲྭ་རྒན་པ་སྐོར་ཞིག་གིས་གདུགས་དཀར་སྲུང་ཟློག་གི་སྒྲུབ་པ་ཆ་ཚང་ཞིག་གསུངས་སྲོལ་ཡོད་པ་བཞིན་ད་ལོ་ཡང་སྤྱི་ཟླ 12  ཚེས  21_22 དང་བོད་ཟླ་ ༡༠ ཚེས ༢༡_༢༢ ཉིན་གཉིས་ཀྱི་རིང་དུ་སྟ་གོན་དང་བཅའ་གཞི་ལེགས་པར་མཛད་ནས།   ཚེས་༢༣ ནས་༢༩བར་ཉིན་བདུན་གྱི་རིང་དུ་འཚོགས་རྒྱུ་བཅས་དད་ལྡན་ཡོངས་ཀྱི་ཐུགས་ངེས་པར་འཚལ་ཞེས་དྲན་བསྐུལ་དུ་བདག་གཉེར་འགན་འཛིན་ཁང་ནས།   

ཀུན་མཁྱེན་རྫ་པའི་ཞལ་ནས། 

མཐར་ནི་མཁའ་ཁྱབ་སེམས་ཅན་མ་ལུས་ཀུན།།    

གཅིག་ཀྱང་ལུས་པ་མེད་པའི་མངོན་གྲོལ་ནས།།   

འཁོར་བའི་རྒྱ་མཚོ་ཆེན་པོ་སྟོང་གྱུར་ཏེ།།    

ཀུན་བཟང་བོན་སྐུའི་ཞིང་ཁམས་གནས་གྱུར་ཤོག།  


ཞེས་སྨོན་པ་ཇི་བཞིན་འགྲུབ་པར་ཤོག  །སརྦ་མངྒ་ལཾ།

འབྲེལ་གཏུག་བྱ་ཡུལ།   བཤེར་རིས།

ཁ་པར། 17369050802     136 1813 8771


扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章