རྫ་སྟེང་ཆེན་དགོན་གྱི་བསྙེན་སྨྱུང་ཆེན་མོའི་བརྡ་སྦྱོར།

文摘   2025-01-23 19:27   四川  

རྫ་སྟེང་ཆེན་དགོན་གྱི་བསྙེན་སྨྱུང་ཆེན་མོའི་བརྡ་སྦྱོར།


སངས་རྒྱས་ཐམས་ཅད་འདུས་པའི་སྐུ།།

སྐུ་གསུམ་རྫོགས་པའི་ངོ་བོ་ཉིད།།

འགྲོ་ལ་ཐར་པའི་ལམ་སྟོན་པ།།

གཤེན་རྒྱལ་སྐུ་ལ་སྐྱབས་སུ་མཆི།།


ཞེས་སྐྱབས་འགྲོའི་ཚིག་བཤད་ཀྱི་མདུན་ལེགས་པར་བསུས་ཏེ་འགྲོ་བའི་འཕྲལ་ཕུག་གི་ཕན་བདེ་ཐམས་ཅད་ཀྱི་རྩ་བ་མ་ལུས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་རགས་ལས་གཤིས་སྔོན་བྱོན་རྒྱལ་འཕགས་དུ་མའི་བཀའ་དང་བཀའ་བརྟེན་ཇི་སྙེད་ཅིག་སྐལ་ལྡན་ཡོངས་ཀྱི་སྤྱོད་ཡུལ་དུ་བཞུགས་པ་དག་ལས་གཤེན་གྱི་དཀའ་ཐུབ་ཉོན་མོངས་དྲུང་འབྱིན་ལྟར་བསྙེན་སྨྱུང་འཚོགས་སྲོལ་ཡོད་པ་གཞིར་བྱས་ད་ལན་ཡང་སྤྱི་ལོ 2025 ལོའི་ཟླ 1 ཚེས 27 དང་བོད་ཟླ་བཅུ་གཅིག་པའི་ཚེས་༢༨ཉིན་བཅའ་གཞི་དང་སྟ་གོན་ཚགས་སུ་ཚུད་པར་མཛད་ནས་བོད་ཚེས་༢༩ཉིན་ནས་དངོས་གཞིའི་སྨྱུང་གནས་ཆ་གསུམ་དབང་དང་ཉིན་བདུན་གྱི་རིང་དུ་དགོན་འདིའི་བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་{དབྲ་སྟོན་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ}མཆོག་དབུར་བཞུགས་ཏེ་འཚོགས་འཆར་ཡོད་པའི་རིས་སུ་མ་ཆད་པའི་དད་ལྡན་ཉེ་མ་རིང་གསུམ་ཀུན་ན་གནས་པའི་ད་ལན་ཚོགས་ཐོག་འདིར་ཕེབས་འདོད་ཡོད་མཁན་དག་ལ་དྲན་བསྐུལ་དང་བཅས་རྫ་སྟེང་ཆེན་དགོན་བདག་གཉེར་འགན་འཛིན་ཁང་ནས་སྤྱི་ལོ 2025 ལོའི་ཟླ 1 ཚེས 23 ཉིན་ཕུལ།

འབྲེལ་གཏུག་བྱ་ཡུལ།
ཁ་པར་ཨང་གྲངས།1361813 8771 _17369050802




扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章