རྣམ་དཔྱོད་ཚང་གི་ཐང་གའི་ངོ་སྤྲོད།

文摘   2024-11-09 20:24   四川  
ལྷ་རིས་པ་ལྡོང་ལུགས་ཐང་གའི་རྒྱུན་འཛིན་པ་ཧོར་ཚང་ནོར་བུ་གཡུལ་རྒྱལ་གྱིས་བྲིས།
ཡག་བཟའ་སྲུང་སྐྱོབ་ཉི་མས་བྲིས།
རྒན་དཔལ་ལྡན་གྱིས་བྲིས།
རྣམ་དཔྱོད་ཚང་གི་ཐང་གའི་ངོ་སྤྲོད།

སྤྱིར་ཐང་ག་ནི་རིག་པའི་གནས་བཅུ་ལས་བཟོ་རིག་པ་དང་རི་མོའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་ཤིང་།
རིག་གནས་འདི་ཉིད་དངོས་པོའི་འཕེལ་རིམ་དང་མི་མཐུན་པའི་ལོ་རབས་ཁ་ཤས་ནང་གློ་བུར་དུ་མི་བུ་ག་གེ་མོས་གསར་གཏོད་བྱས་པ་ལྟ་བུ་དང་ས་གནས་གཞན་ནས་ནང་འདྲེན་དང་གསོལ་རས་སུ་བསྩལ་བ་ལྟ་བུ་ཞིག་མ་ཡིན་པར།
ཞང་བོད་རང་ས་རང་ཡུལ་ནས་ཡབ་མེས་མཁས་མཛངས་ལྡན་པ་རྣམས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་རྒྱུན་དང་འགྲོགས་ཏེ་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་མེད་པ་གསར་གཏོད་དང་ཡོད་པ་དར་རྒྱས་སུ་བཏང་བ་ཞིག་ཡིན་པར་བོད་ཡུལ་ལུང་པའི་སྟོད་སྨད་བར་གསུམ་གང་ས་ནས་གསར་རྙེད་བྱུང་དང་འབྱུང་བཞིན་པའི་བྲག་བརྐོས་རི་མོ་དང་ལྡེབས་རིས་སྣ་ཚོགས་པ། དེ་བཞིན་གནའ་བོའི་ཡིག་ཚང་རྙིང་པ་ཁག་གིས་བདེན་པ་ར་སྤྲོད་གནང་ཡོད་པས་འདི་ནས་རྒྱས་བཤད་ཀྱི་ངལ་བ་དང་དུ་ལེན་མི་དགོས་པའི་ཚོད་རེད།
ལྷག་དོན་དུ་སངས་རྒྱས་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་ཏེ་རིག་པའི་གནས་ལྔ་དང་ཐེག་པ་རིམ་དགུའི་བཀའ་འཁོར་ཐོག་མ་སྐོར་བའི་སྐབས་བཟོ་རིག་པ་ནི་བཟོ་རྒྱལ་གར་མ་ལི་ཤོ་འཁོར་དང་བཅས་པར་གསུངས་ཤིང་།
སྐབས་དེར་སྟོན་པ་མཆོག་གིས་ལྷ་སྐུའི་ཕྱག་ཚད་དང་ཚོས་སྣ་བགོ་ལུགས། རབ་གནས་བྱེད་ཐབས་སོགས་གཞུང་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས་རིག་པའི་གཞུང་ལུགས་ཤིག་གཏན་ལ་ཕབ་པས། འཛམ་གླིང་གི་བཟོ་རིག་པ་སྤྱི་དང་ཁྱད་པར་དུ་ཞང་བོད་ཀྱི་ལྷ་སྐུ་དང་ཐང་གའི་རིག་གནས་ལ་འཕེལ་རིམ་ཚད་མཐོན་པོ་ཞིག་ཕྱིན་ཡོད་པ་«མདོ་དྲི་མེད་གཟི་བརྗིད»་སོགས་ལས་གསལ་བ་ལྟར་རེད།

ང་ཚོས་ལྷ་སྐུ་རིས་སུ་བྲིས་པ་དང་ལུགས་སུ་བླུགས་པ་ལྟ་བུ་གང་དང་གང་བཞེང་པའི་སྐབས་སུ་ངེས་པར་དུ། མདོ་ལས། “ཆག་ཚད་མ་ལྡན་ལྷ་རྣམས་ནི། །རྩི་ཤིང་ནགས་ཚལ་རི་མོ་འདྲ། །སངས་རྒྱས་དངོས་སུ་སྤྱན་དྲངས་ཀྱང་། །དེ་ལ་རབ་གནས་ཐེབས་མི་འགྱུར། ཆག་ཚད་ལྡན་པའི་ལྷ་རྣམས་ནི། །བརྩམ་ནས་སངས་རྒྱས་རབ་གནས་ཞུགས། །སྤྱིར་ཡང་མཛེས་པར་མ་གྱུར་ན། །ཆག་ཚད་ཀྱིས་ཀྱང་ཅི་ཞིག་བྱ། །སྤྱན་ལ་མཛེས་ན་ཆག་ཚད་རབ། །རང་བཞིན་བྱོན་པའི་སྐུ་དང་མཚུངས། །”ཞེས་སྟོན་པས་གསུངས་པ་ལྟར་མིག་ལ་མཛེས་ཤིང་ཕྱག་ཚད་ལྡན་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་བས་གུས་པས་མི་ལོ་བདུན་ལྷག་རིང་གི་ཉམས་མྱོང་ལ་བརྟེན་ནས་ད་ལྟ་ལས་དང་ལས་བཞིན་པའི་ཞལ་ཐང་དག་ནི།

༡༽སྐུ་མདོག་ཕྱག་མཚན་དང་གདན་ཁྲི་རྒྱབ་ཡོལ་སོགས་སངས་རྒྱས་གཡུང་དྲུང་བོན་གྱི་གཞུང་ལུགས་རྣམས་སུ་གསལ་བ་ལྟར་ཚང་ལ་མ་ནོར་ཞིང་ཕྱག་ཚད་ལྡན་པ་ཤ་སྟག་ཡིན།
༢༽ཁྲིན་ཏུའི་བོད་མིའི་ཁྲོམ་རའི་བསྐྱར་དཔར་ཡང་དཔར་བྱས་པ་ལྟ་བུ་མ་ཡིན་པར་ཐང་གའི་མ་དཔེ་དག་ནི་ཆེད་དུ་ལྷ་བཟོ་མཁས་ཅན་དག་ལ་རང་གིས་དངོས་སུ་འབྲི་བཅུག་པ་དང་གཞན་གྱིས་བྲིས་པ་དག་གནང་བ་ཐོབ་ནས་དཔར་བ་ཤ་སྟག་ཡིན་པས་ཡོང་ཁུངས་གཙང་ཞིང་དྭངས་ཆ་ཤིན་ཏུ་ཆེ་བ།
༣༽
ལྷ་རིས་པ་ནི་ལྡོང་ལུགས་ཐང་གའི་རྒྱུན་འཛིན་པ་ཧོར་ཚང་ནོར་བུ་གཡུལ་རྒྱལ། ཡག་བཟའ་སྲུང་སྐྱོབ་ཉི་མ། དཔལ་ལྡན་ སོགས་བོད་ཡུལ་སྟོད་སྨད་ཀུན་ཏུ་བོད་ཀྱི་ཞལ་ཐང་རིག་པའི་སྡིངས་ཆའི་ཐོག་ཏུ་ངོ་སྤྲོད་ཞུ་མི་དགོས་པར་ཀུན་ལ་ཉི་མ་ལྟར་གསལ་ཞིང་འབྲུག་ལྟར་གྲགས་པའི་ལྷ་བཟོ་མཁས་ཅན་དག་གིས་ཕྱག་བྲིས་གནང་བའི་མ་དཔེ་དངོས་ལ་དཔར་གཞི་བྱས་ནས་དཔར་བ་ཡིན་པས་རྣམ་པར་དག་ཅིང་ཚད་དང་ལྡན་པ་ཡིན།
༤༽དེ་སྔོན་རྣམ་དཔྱོད་ཚང་གིས་དངོས་སུ་བྲིས་ཟིན་པའི་ཐང་སྐུ་ནི་སྟོན་པ་ལོངས་སྤྱོད་རྫོགས་སྐུ། སྟོན་པ་རབས་དགུ། དུས་གསུམ་སྟོན་པ། བྱམས་མ་ཉེར་གཅིག། བྱམས་མ་འཇིགས་བརྒྱད།
བྱམས་མ་སྐུ་རྐྱང་། བདེར་གཤེགས་གཙོ་བཞི། འདུལ་ཐང་། ལྷ་གཤེན་སྲིད་གསུམ། རྒྱལ་བ་རིགས་ལྔ། ཧོར་གྱི་རྟོགས་ལྡན་རྣམ་གསུམ་སོགས་བཞེངས་ཡོད་ཅིང་མ་འོངས་པ་ལ་ཡང་ཐང་ག་དཀོན་པོའི་རིགས་སྤུས་གཙང་ཞིང་ཚད་དང་ལྡན་པའི་ཐོག་ནས་བཞེངས་འཆར་ཡོད།
དེ་མིན་གཞན་གྱིས་དཔར་དབང་ཐོབ་པ་དག་ནི་ཆོ་ག་བཅུ་གཉིས་དང་གསས་མཁར་མཆོག་ལྔ་སོགས་བོན་ཕྱི་ནང་གསང་གསུམ་གྱི་ཞལ་ཐང་ཕལ་ཆེ་བ་ཡོད་ཅིང་དེ་དག་ཀྱང་གསལ་ཚད་མཐོ་ཞིང་རྒྱུ་སྤུས་ལེགས་པ་ཤ་སྟག་ཡིན།
༥༽
ཐང་གར་བེད་སྤྱོད་བྱས་པའི་རས་དང་ཚོས་སྣ་དག་ཀྱང་ཀྲུང་གོ་ནང་ཁུལ་གྱི་ཚོན་དང་རས་མ་ཡིན་པར་ཕྱིའི་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་ཤིང་ཞལ་ཐང་ལ་སྤྱད་ན་ཆེས་ལེགས་པའི་རས་སྤུས་དག་དང་རྡོ་ཚོན་རྩེ་གྲ་རྐྱང་རྐྱང་ཡིན།
༦༽
ཐང་གའི་གོང་ཤམ་དང་ཞལ་ཁེབས་སོགས་མི་དངོས་ཀྱིས་ལག་དྲུབ་བྱས་ཤིང་སྒྲིག་ཏོག་ཀྱང་ཆེད་དུ་མགར་བས་རྡུང་བླུགས་བྱས་པ་ལས་དེང་རབས་འཕྲུལ་ཆས་ཀྱིས་བཟོས་པ་མ་ཡིན་པར་ལག་བཟོ་ཁོ་ན་ཡིན་པ།
༧༽ཐང་ག་ལས་སའི་བཟོ་གྲྭ་ཡང་རྒྱལ་ས་པེ་ཅིང་གི་ཐང་གའི་བཟོ་གྲྭ་ཆེས་ཡག་ཤོས་དང་མཉམ་འབྲེལ་སྒོས་ལས་ཤིང་སྒོ་ཡི་མེ་ལོང་སོགས་ལ་བོན་གྱི་མཁས་དབང་ཁག་ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ཚད་མ་གསུམ་དང་མི་འགལ་བའི་ཐོག་ནས་བལྟས་ན་མིག་ལ་མཛེས་ཤིང་གཞན་ལ་མེད་པའི་ཁྱད་བོན་ཁག་གཅིག་གསར་སྣོན་བྱས་ཡོད་པས་ལས་གཏོད་དང་མཛེས་རྟོག་གི་དགེ་མཚན་ལྡན་པ།
༨༽རྣམ་དཔྱོད་ཚང་གིས་སྤེལ་དང་སྤེལ་བཞིན་པའི་ཐང་ག་དག་གི་དཔར་དབང་ནི་རྣམ་དཔྱོད་ཚང་ཁོ་ན་ལ་དབང་བ་ལས་འདྲ་བཅོས་དཔར་འདེབས་གཞན་སུས་ཀྱང་བྱེད་མི་ཆོག་པའི་ཁྲིམས་ཀྱི་ཁེ་དབང་ཐོབ་པ་སོགས་ཞལ་ཐང་ཞིག་ལ་ལྡན་དགོས་པའི་གོང་གི་ཁྱད་བོན་ཡོན་ཏན་ཀུན་འདུས་ཤིག་ཡིན་ཞེས་སྐད་གསང་མཐོན་པོའི་ལམ་ནས་སྨྲ་ཆོག་ཆོག་ཅིག་ཡིན།

སྤྱིར་དངོས་པོའི་སྤུས་ཚད་བཟང་ངན་བཞིན་དུ་རིན་གོང་ཆེ་ཆུང་བྱེད་པ་ལས་རིན་གོང་ཆུང་ཆུང་ཞིག་ལ་རྒྱུ་སྤུས་ཤིན་ཏུ་བཟང་བའི་ཅ་དངོས་ཤིག་འཐོབ་མི་སྲིད་པ་ནི་དངོས་པོའི་གཤིས་ལུགས་ཤིག་རེད། དཔེར་ན་སྤུས་བཟང་རིན་མཐོ།  སྤུས་འབྲིང་རིན་འབྲིང་། སྤུས་ཞན་རིན་ཆུང་ཡིན་པ་ཀུན་ལ་གསལ་བ་ལྟར་རེད། དེ་སྔོན་རྣམ་དཔྱོད་ཚང་གི་འཛད་སྤྱོད་པའི་ཁྱབ་ཁོངས་ཡིན་ན།
མཚོ་སྔོན། སི་ཁྲོན།  ཀན་སུའུ། འཇང་ཡུལ། བོད་ལྗོངས་ལྷ་ས་བཅས་ནས་ཆེ་བ་བླ་མ་དཔོན་པོ་ནས་ཆུང་བ་མི་སེར་ཕལ་བ་གང་མང་ཞིག་གིས་རྣམ་དཔྱོད་ཚང་གི་ཐང་ག་ལ་དགའ་བསུ་ཆེན་པོ་ཐོབ་དང་ཐོབ་བཞིན་ཡོད་པས་འཛད་སྤྱོད་པའང་ས་ཕྱོགས་ངེས་མེད་ནས་ཡུལ་དངོས་དང་དྲ་ལམ་གཉིས་ཆར་ནས་གང་མང་མང་ཞིག་འབྱུང་གི་ཡོད།
ངེད་རྣམ་དཔྱོད་ཚང་གི་ཐང་ག་ལ་དངོས་པོའི་རིན་གོང་དང་འཚམས་པའི་ཚོང་རྫས་ཀྱི་རྒྱུས་སྤུས་ཀྱང་ཚད་ལྡན་ཁུངས་ཐུབ་ཀྱིས་གཞན་དང་མི་འདྲ་བར་གོང་ནས་བཤད་པ་བཞིན་འགན་ལེན་ཁག་ཐེག་ཐུབ་པ་ཤ་སྟག་ཡིན་པས་རྒྱ་ཆེའི་འཛད་སྤྱོད་པ་དག་གིས་ཐུགས་སེམས་བདེ་མོའི་ངང་ནས་ཉོ་སྒྲུབ་གནང་བར་འཚལ་ཞེས་ངོ་སྤྲོད་དང་གསལ་བཤད་མདོར་བསྡུས་ཤིག་བྱས་པ་ཡིན།།

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章