བན་བོན་ཀུན་ལ་མཁོ་བའི་དེབ་གསར།

文摘   2024-11-21 13:58   中国  

བན་བོན་ཀུན་ལ་མཁོ་བའི་དེབ་གསར།

(1)ཕྱོགས་གཅིག་ནས་དེབ་འདིའི་ནང་དུ་བན་བོན་གྱི་བསྟན་པའི་འབྱུང་ཁུངས་དང་། ལོ་རྒྱུས་ཀྱི་ལོ་ཚིགས་ཟུར་དུ་བྱུང་བའི་འབྱུང་ལྡན་དང་། རབ་བྱུང་། དུས་རབས། ལོ་རབས། ཕྱི་ལོའམ་སྤྱི་ལོ། ལོ་རྒན་དྲུག་ཅུ་སོགས་ཀྱི་རྣམ་འཇོག་དང་། བན་བོན་གཞུང་དུ་གསལ་བའི་ལྷ་ཡུལ་དང་ཀླུ་ཡུལ་ཞེས་པའི་ངོས་འཛིན་སྐོར་བཅས་གསལ།
(2)གཉིས་སུ་བོན་ལ་སྟོན་པ་གཤེན་རབ་ཅེས་པའི་སྟོན་པ་གཉིས་ཡོད་ཚུལ་དང་། བོན་གྱི་སྐུ་གཤེན་མངོན་རྫོགས་ཁྲི་ཁུག་རྒྱལ་པོ། འཆི་མེད་གཙུག་ཕུད། གསང་བ་འདུས་པ། མི་ལུས་བསམ་ལེགས། མུ་ཆོ་ལྡེམ་དྲུག སྟོན་པ་གཤེན་རབ། བོན་པོའི་གཞུང་ལུགས་ནང་གི་ཤཱཀྱ་ཐུབ་པ་བཅས་ཀྱི་མཛད་རྣམ་བཅས་གསལ།
(3)ལྷག་པ་དུ་བོན་གྱི་ཡིག་ཆ་མཛད་པའི་བླ་མ་བླ་ཆེན་དྲན་པ་ནམ་མཁའ་དང་། གཤེན་ཆེན་ཀླུ་དགའ། མཁས་པ་དཔལ་ཆེན། མེ་སྟོན་ཤེས་རབ་འོད་ཟེར། འགྲོ་མགོན་བློ་གྲོས་རྒྱལ་མཚན། སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། མཉམ་མེད་ཤེས་རབ་རྒྱལ་མཚན། ཀུན་མཁྱེན་ཉི་མ་བསྟན་འཛིན། ཡོངས་འཛིན་རྣམ་དག་འོད་ཟེར། ཤར་རྫ་བཀྲ་ཤིས་རྒྱལ་མཚན། དཔོན་སློབ་ཡོན་ཏན་རྒྱ་མཚོ། དཔོན་སློབ་སངས་རྒྱས་བསྟན་འཛིན་སོགས་ཀྱི་རྣམ་ཐར་ཆ་ཚང་དང་། གཞན་མདོ་སྨད་ཕྱོགས་ཀྱི་བླ་རབས་མང་པོའི་རྣམ་ཐར་བཅས་གསལ།
གཤམ་གྱི་དྲྭ་བྱང་ལ་འབྲེལ་དང་《བླ་རབས་བརྒྱ་རྩའི་རྣམ་ཐར》ཞེས་པ་བླུ་ཐུབ་པ་བཅས་སོ། །སརྦ་མངྒལཾ།

བླུ་ཉོ་དགོས་མཁན་ཚོས་འབྲེལ་གནས།

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章