དབྲ་སྤྲུལ་དྲི་མེད་འོད་ཟེར་མཆོག་གི་གསོལ་འདེབས། ཤར་རྫ་བ།

文摘   2024-08-24 08:24   四川  

ཕྱི་ལྟར་ཡོན་ཏན་རྒྱ་མཚོ།   ནང་ལྟར་འཕྲིན་ལས་ཐོགས་མེད་རྩལ།   གསང་བ་ལྟར་དྲི་མེད་འོད་ཟེར།     

          ཨེ་མ་ཧོ།   

སྐུ་གསུམ་ཀློང་ནས་འགག་མེད་སྤྲུལ་པའི་སྐུ།

ཡོན་ཏན་ཕུལ་ཕྱིན་འཕྲིན་ལས་ཐོགས་མེད་རྩལ།།

རྩ་གསུམ་རྒྱ་མཚོའི་ངོ་བོ་གཅིག་དྲིལ་བ།

དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།


ཞེས་པ་འདིའམ་མཁའ་ལ་འཇའ་ཚོན་གྱི་གུར་ཁྱིམ་ཤར་བ་དང་དུས་འཛམ་དུ་ཤར་རྫའི་བྱ་བྲལ་དྲི་མེད་སྙིང་པོའི་སྡེས་སྒོ་གསུམ་གུས་པ་ཆེན་པོའི་ཕུལ་བ་དགེའོ།  །   

{དབྲ་དཀར་གཞན་ཕན་ཤེས་རབ་ཀྱི་ཟིན་ཤོག   སྔར་ན་མ་མཐོང་བའི་ཤེས་བྱ་གསར་པ་འགའ་རེ་ཤེས་ཐུབ།}

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章