དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་མ་བསྡུ་བའི་བརྡ་སྦྱོར། 

文摘   2024-08-25 09:52   四川  

དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་སློབ་མ་བསྡུ་བའི་བརྡ་སྦྱོར། 



མདོ་སྨད་རྫ་སྟེང་ཆེན་དགོན་གྱི་དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གིས་ད་ལོ་ནས་བཟུང་སློབ་མ་བསྡུ་རྒྱུ་ཡིན་ལ། སློབ་མ་རྣམས་ངེས་པར་དུ་ནང་བསྟན་གྱི་རིག་གཞུང་ལ་དད་མོས་དང་སྦྱོང་འདོད་ཀྱི་འདུན་པ་ཅན་གྱི་གྲྭ་བ་ཡིན་དགོས།   སློབ་མ་རང་གིས་འདོད་མོས་ལྟར་སློབ་གླིང་འདི་ན་སངས་རྒྱས་གཡུང་དྲུང་བོན་གྱི་མཚན་ཉིད་རིག་པའི་གཞུང་ཆེན་མདོ་སྔགས་རྫོགས་གསུམ་དང་། ཐུན་མོང་གི་རིག་གནས་སུམ་རྟགས་དག་གསུམ། སྙན་ངག་མངོན་བརྗོད། སྒྲ་སྡེབ་སྦྱོར། རྩིས་དཀར་ནག ཐིག་རྡུལ་མཚོན། མཆོད་རྟེན་ཆགས་ཚད། གཟུངས་གཞུག་འབུལ་བའི་ལག་ལེན། ཞང་བོད་རྒྱལ་རབས་ཀྱི་ལོ་རྒྱུས། གྲུབ་མཐའ་ཁག་གི་བསྟན་འབྱུང་བཅས་འཐུས་སྒོ་ཚང་བར་བསླབ་རྒྱུ་ཡོད།  འདིར་བཞུགས་ཀྱི་དགེ་རྒན་རྣམས་སློབ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་ཐུགས་སེམས་རབ་ཏུ་དཀར་བའི་དགེ་བའི་བཤེས་གཉེན་དང་མཁན་པོ་ཤ་སྟག་ཡིན་ལ། སྔ་ལང་ཕྱི་ཉལ་གྱི་སྒོ་ནས་སློབ་མ་དག་ལ་འདོད་མོས་ལྟར་ཁྲིད་ཀ་གནང་བའི་འོ་བརྒྱལ་མཛད་བཞིན་ཡོད། སློབ་གླིང་འདིར་ཞུགས་ཚར་རྗེས་སློབ་མ་རང་ལ་འཚོ་བའི་མཐུན་རྐྱེན་དུ་གསོལ་ཟས་ཟླ་ཕོག་སྤྲད་རྒྱུ་དང་། དུས་དང་འཚམ་པའི་ན་བཟའ། སྦྱང་བྱའི་ཕྱག་དཔེ་སོགས་སློབ་གྲྭའི་ངོས་ནས་བཀོད་སྒྲིག་གང་ཐུབ་མཛད་རྒྱུ། དགོན་གཞུང་ནས་བཞུགས་གནས་ཀྱི་གྲྭ་ཤག་འགན་འཁུར་བར་མ་ཟད་ལོ་རེ་རེ་ལ་འཚོགས་པར་ཕེབས་པའི་འགྱེད་དངུལ་སོགས་གནང་བཞིན་ཡོད་པས་སློབ་གཉེར་བ་ཞིག་ལ་མཚོན་ན་རང་གི་སྦྱང་བྱའི་དོན་ལ་དཀའ་བ་ཁྱད་བསད་དང་ངལ་བ་ལྷུར་ལེན་གྱི་སྒོ་ནས་བརྩོན་འགྲུས་གནང་ཐུབ་ན་གཞན་པའི་དཀའ་ལས་གང་ཡང་མེད། དེས་ན་སློབ་གླིང་འདིར་ཞུགས་འདོད་ཡོད་པའི་གཞོན་སྐྱེས་ཀྱི་གྲྭ་བཙུན་རྣམས་འདིར་ཕེབས་པ་དགའ་བསུ་གྲངས་མེད་ཞུ། 

སྤྱི་ལོ ༢༠༢༤ ལོའི་ལོ་སྨད་སློབ་འགོ་ཚུགས་པའི་སློབ་མ་བསྡུ་བའི་དུས་ཚོད་ནི་སྤྱི་ཟླ 8 ཚེས 30 དང་བོད་ཟླ་དྲུག་པ་ཕྱི་མའི་ཚེས ༢༧ ཉིན་མིང་ཐོ་འགོད་རྒྱུ་ཡིན་པས་ཀུན་གྱིས་ཐུགས་ལ་ངེས་པར་འཚལ་ཞེས་ཞུ།

འབྲེལ་གཏུགས་ཞུ་ཡུལ།

ཚོགས་གཙོ་དགེ་བཤེས་བསྟན་འཛིན་ནོར་བུ། 

18728222425

ཚོགས་གཞོན་དགེ་བཤེས་འོད་གསལ་ཟླ་བ། 

177 8457 0632

རྫ་སྟེང་ཆེན་དགོན་ལྔ་རིག་ནང་བསྟན་སློབ་གླིང་གི་གཞུང་སྒྲུབ་ཁང་ནས༢༠༢༤-༨-༢༥ཉིན་སྤེལ།

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章