དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་༢༠༢༤ལོའི་ཚད་མའི་འཆད་རྩོད།

文摘   2024-10-14 14:37   四川  

དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་༢༠༢༤ལོའི་ཚད་མའི་འཆད་རྩོད་སྐབས་ཀྱི་གཟའ་འཁོར་གཉིས་ཀྱི་འགྲོ་རིམ།


བདུན་ཕྲག་དང་པོའི་ནང་དགག་སྒྲུབ་དང་འགལ་འབྲེལ་སྐོར་ཁྲིད་རྒྱུ། 

བདུན་ཕྲག་གཉིས་པའི་ནང་ཚད་མ་དང་ཚད་མིན་སྐོར་ཁྲིད་རྒྱུ།

ཞོགས་པར་དུས་ཚོད་བདུན་ནས་བརྒྱད་དང་ཉི་ཤུའི་བར་དུ་བློ་སྦྱོང་། 

བརྒྱད་དང་ཉི་ཤུ་ནས་དགུའི་བར་དུ་ཞོགས་ཇ། 

དགུ་ནས་བཅུ་བར་དུ་རྩོད་ཟླ། 

བཅུ་ནས་བཅུ་གཉིས་བར་དུ་དཔེ་ཁྲིད།  

བཅུ་གཉིས་ནས་དང་པོའི་བར་དུ་གུང་ཟས། 

དང་པོ་ནས་གཉིས་པའི་བར་དུ་ངལ་གསོ། 

གཉིས་པ་ནས་བཞི་བའི་བར་དུ་གླིང་ཚན་སོ་སོ་དམ་བཅའ་ཕེབས་རེས།   

བཞི་ནས་ལྔའི་བར་དུ་ངལ་གསོ།  

ལྔ་ནས་དྲུག་བར་དུ་རྩོད་ཟླ། 

དྲུག་ནས་དྲུག་དང་བཞི་བཅུའི་བར་དུ་བློ་སྦྱོང་། 

དྲུག་དང་བཞི་བཅུ་ནས་བདུན་དང་ཉི་ཤུའི་བར་དུ་དགོང་ཟས། བདུན་དང་ཉི་ཤུ་ནས་རང་མོས་རྩོད་སྦྱོང་དང་བཅས་གྲོལ་རྒྱུ། 

ཉིན་དྲུག་པ་ནས་སྔ་དྲོའི་དུས་ཚོད་སྤྱི་ལྟར། 

དུས་ཚོད་གཉིས་པ་ནས་བཞི་བར་དུ་ཐུག་རྒྱག་དམ་བཅའ། 

བཞི་ནས་ལྔའི་བར་དུ་ངལ་གསོ། 

ལྔ་ནས་དྲུག་བར་དུ་རང་མོས་བགྲོ་གླེང་། 

དྲུག་ནས་དགོང་ཟས་བཞེས་ཏེ་གྲྭ་ཤག་ཏུ་ཕེབས་རྒྱུ། 

མཐའ་མཇུག་གི་ཉིན་བཅོ་ལྔ་པའི་སྔ་དྲོར་བགྲོ་གླེང་དང་ཕྱི་དྲོར་བྱ་དགའ་གནང་རྒྱུ་བཅས་སོ།།

རྫ་སྟེང་ཆེན་དགོན་དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་གོ་སྒྲིག་ཚན་ཆུང་ནས༢༠༢༤-༡༠-༡༤ཉིན་སྤེལ།

扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章