རྫ་སྟེང་ཆེན་དགོན་བཤད་གྲྭ་ཚང་གི་རིམ་གྲོ་ཁང་།

文摘   2024-11-14 10:39   四川  

རྫ་སྟེང་ཆེན་དགོན{དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་}འདིར་འབྲེལ་ཐོགས་ས་ཕྱོགས་ཉེ་རིང་ཀུན་ན་བཞུགས་པའི་དད་ལྡན་སྦྱིན་བདག་ཕོ་མོ་ཡོངས་ལ་ཞུ་གསོལ།     ད་ལན་བོད་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་ང་ཚོའི་ལས་སྣེ་གསར་རྙིང་གི་བརྗེ་སྤོ་བྱེད་ཟིན་ནའང་།  གནས་སྐབས་འགན་འཛིན་མི་སྣ་དགེ་བསྐོས་བརྗེས་པ་ཙམ་ལས་རིམ་གྲོ་ཞུ་སའི་སྐད་འཕྲིན་དྲ་བ་དང་།   འདོན་བྱའི་རིམ་གྲོ།   གསུང་མཁན་འདུས་སྡེ་གྲྭ་ཚང་སོགས་ནི་དུས་ནམ་ཡང་བརྗེ་རྒྱུ་མེད་ལ།   དེ་ལས་དགེ་སློབ་ཡོངས་ཀྱིས་ཉིན་རེ་བཞིན་མཐུས་ཇེ་ཚང་དང་གྲ་ཇེ་རྒྱས་ཀྱི་ཕྱོགས་ལ་འབད་འབུངས་ཧུར་ཐག་མཛད་བཞིན་ཡོད།

དབྲ་དཀར་ལྔ་རིག་ནང་བསྟན་སློབ་གླིང་གི་སྔ་ཕྱི་བར་གསུམ་དུ་སྦྱིན་པའི་བདག་པོ་རྣམས་ཀྱི་རེ་འབྲས་ཆེ་ཆུང་གང་ཡོད་མཆོག་གསུམ་ལྷ་དང་སྲུང་མ་དང་།   སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མདུན་སར་ཞུ་བཞིན་གསོལ་བ་ཅི་ལྟར་བཏབ་པ་བཞིན་དུ་རིམ་གྲོ་དེ་ལྟར་གསུང་གིན་ཡོད་པ་བཅས་ཀུན་ཀྱིས་ཐུགས་ལ་བཏགས་པར་འཚལ།

       2024/11/14  ཉིན་དགེ་བསྐོས་ཚང་ནས།


扎噶巴文学交流平台
འཕྲིན་སྟེགས་འདིར་དོ་སྣང་གནང་དང་། ལོ་རྒྱུས། དཔྱད་བརྗོད། སྙན་ཚིག གསར་བསྒྲགས། པར་རིས་བཅས་གང་འདོད་བལྟ་ཐུབ།
 最新文章