ཉེ་དུས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་སྐེ་ཚིགས་རུས་འབུར་སོ་དབྱིབས་ཅན་གྱི་རུས་ཆག་ལ་རྨ་ཁ་ཆུང་བའི་གཤགས་བཅོས་བྱས་ནས། ཉིན་གཉིས་པར་ནད་པ་སྨན་ཁང་ནས་དོན་ཐུབ་ཡོད། དེ་ནི་བོད་ནས་གཤགས་བཅོས་བྱས་པའི་སྐེ་ཚིགས་རུས་འབུར་སོ་དབྱིབས་ཅན་གྱི་རུས་ཆག་ལ་གཤགས་བཅོས་བྱེད་ཐེངས་ཐོག་མ་དེ་རེད།
སོ་དབྱིབས་རུས་ཆག་ལ་རིགས་གསུམ་དུ་དབྱེ་ཡོད། དེའི་ནང་IIརིགས་ཀྱི་རུས་ཆག་ནི་རུས་པ་གཞན་དང་འབྲེལ་མེད་པས། གཤགས་བཅོས་བྱས་ན་མ་གཏོགས་དྲགས་ཐབས་ཁག་པོ་ཡོད། ཐེངས་འདིའི་ནད་པ་འདི་ལ་ཡང་སོ་དབྱིབས་རུས་འབུར་IIཅན་གྱི་རུས་ཆག་བྱུང་ཡོད།
བོད་སྐྱོར་སྨན་བཅོས་རུ་ཁག་བཅུ་པའི་སྨན་པ་མཁས་ཅན་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཀྲུའུ་རེན་ཚའེ་སི་དབྱི་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་ཕེང་ཁྲའོ། ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས་བཅས་ཀྱིས་ནད་པ་དེར་ཆེད་མངགས་གཤགས་བཅོས་འཆར་གཞི་བཏིང་པ་རེད།
日前,西藏自治区人民医院成功完成了一例微创前路齿状突骨折复位固定手术,患者二日后出院,这是西藏实施的首例微创高位颈椎骨折固定手术。
齿状突骨折分为三种类型,其中只有II型骨折因其骨不连概率高,通常需要手术治疗才能获得更好的预后。不幸的是,这名患者恰恰就是齿状突II型骨折。
第十批医疗人才“组团式”援藏专家北京协和医院蔡思逸主任、西藏自治区人民医院骨科脊柱组彭超主任医师及洛绒赤乃副主任医师对这名患者高度重视,共同商讨治疗方案。
དགེ་རྒན་ཆེན་མོ་ཚའེ་སི་དབྱི་ཡིས་གཤགས་བཅོས་འཆར་གཞི་ལ་གསལ་འགྲེལ་གནང་བཞིན་པ།
蔡思逸教授讲解手术计划
ཀྲུའུ་རེན་ཚའེ་སི་དབྱི༼གཡོན༽དང་། ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས།
༼ གཡས ༽ཀྱིས་གཤགས་བཅོས་གྲ་སྒྲིག་བྱེད་བཞིན་པ།
蔡思逸主任(左一)、洛绒赤乃副主任医师(右一)做术前准备
ཀྲུའུ་རེན་ཚའེ་སི་དབྱི༼གཡོན་འོག༽དང་། ཀྲུའུ་རེན་སྨན་པ་ཕེང་ཁྲའོ༼གཡས་འོག༽། ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས༼གཡས་གཉིས་པ༽བཅས་ཀྱིས་གཤགས་བཅོས་བྱེད་བཞིན་པ།
术中情况。左下为蔡思逸主任,右下为彭超主任医师,右二为洛绒赤乃副主任医师。
ནད་པ་གཤགས་བཅོས་བྱས་རྗེས་འགྲོ་བསྐྱོད་ཐུབ་པ།
患者术后步行
ངོ་སྤྲོད་བྱས་པར་གཞིགས་ན། སོ་དབྱིབས་རུས་འབུར་རུས་ཆག་གིས་སྐེ་ཚིགས་རུས་ཆག་གི་དོས་དྲག་ནད་པའི་༡༠%ནས་༢༠%ཟིན་ཡོད་པ་དང་། གཙོ་བོ་དར་མ་དང་རྒན་རྒོན་ལ་བྱུང་ཉེན་ཆེ། གལ་ཏེ་སོ་དབྱིབས་རུས་འབུར་རུས་ཆག་སླར་གསོ་ཡག་པོ་མ་བྱུང་བར་དུས་ཡུན་རིང་པོ་སོང་ན་མཇིང་ཚིགས་འགུལ་སྐྱོད་བྱེད་དཀའ་བར་འགྱུར་སྲིད་ལ། ཐ་ན་ནུས་པ་ཡོངས་སུ་ཉམས་སྲིད་པས། དེར་གཤགས་བཅོས་བྱེད་པར་སྨན་པ་ལ་ལག་རྩལ་དང་སྨན་བཅོས་ནུས་པ་ངེས་ཅན་ཞིག་དགོས། རྨ་ཁ་ཆུང་བའི་གཤགས་བཅོས་ཀྱིས་ནད་པ་དྲགས་སྐྱེད་ཡོང་རྒྱུ་ཧ་ཅང་མགྱོགས་པོ་ཡོད་ལ། དེ་བས་གཙོ་བོ་ནི་མཇིང་ཚིགས་དང་པོ་དང་མཇིང་ཚིགས་གཉིས་པའི་བར་གྱི་འགུལ་སྐྱོད་ནུས་པ་སྐྱོན་མེད་པ་འགན་ལེན་བྱ་ཐུབ།
据介绍,齿状突骨折占所有急性颈椎骨折的10%~20%,高峰出现在成年早期和老年。齿状突骨折如果恢复不佳,可能导致长期疼痛以及颈椎活动受限,甚至导致患者瘫痪。前路微创固定手术虽然对手术团队治疗能力要求较高,但创伤小,患者恢复快,更重要的是可保留第一颈椎和第二颈椎间的活动能力。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 西藏商报
译文 | 阳光西藏