ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས》དང་།མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་སྐུལ་འདེད་ཚོགས་འདུའི་དགོངས་དོན།མཚོ་ལྷོ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་ཀོས་ནན་རྫོང་གི2023ལོའི་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་བརྡ་ཁྱབ་བཏང་།རྫོང་སྤྱི་བདེ་ཅུའུ་དང་རྫོང་མི་དམངས་ཁྲིམས་ཁང་གིས་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ལས་དོན་སྤེལ་ཚུལ་ཐད་སྤེལ་རེས་གཏམ་བཤད་བྱས།
ཚོགས་འདུའི་ཐོག་བསྟན་དོན།གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བྱ་རྒྱུ་ནི་ཏང་ཨུ་དང་སྲིད་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས།ཁོངས་མིའི་ཚན་པ་ཁག་གིས་འགན་འཁྲི་ནན་དུ་གཏོང་བ་དང་བྱ་བའི་ཕན་འབྲས་ཞིབ་ཚགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བྱེད་པའི་ལས་དོན་དེ་བདེ་འཇགས་ཀོས་ནན་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕན་ཚུན་ཁ་གསབ་དང་མཉམ་སྒུལ་གཞོགས་འདེགས་བྱས་ཏེ་གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་བྱེད་པའི་བྱ་བའི་མཉམ་ཤུགས་ཤིག་ཆགས་པ་བྱས་ནས་རྫོང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་བདེ་འཇགས་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།