ཀོས་ནན་རྫོང་གི་འོས་སྦྱོར་ཚོགས་འདུ་བདེ་ལེགས་ངང་མཇུག་སྒྲིལ།

时事   2024-11-06 19:43   青海  

 

ཟླ11པའི་ཚེས3ཉིན།དུས་ཡུན་ཉིན་གསུམ་གྱི2024ལོའི་ཀོས་ནན་རྫོང་གི“མཚོ་སྔོན་གྱི་ཚོང་ཟོག་སི་ཁྲོན་དུ་འདྲེན་པའི”ཁྲེང་ཏུའུ་ས་ཚིགས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ས་ཁུལ་ཀོང་ཧྭ་སྤྱི་གླིང་ཐང་ཆེན་དུ་བདེ་ལེགས་ངང་མཇུག་སྒྲིལ།ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་ཐོག་མཚར་སྡུག་ཀོས་ནན།ཁྱད་ལྡན་ཐོན་རྫས་ཅེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་།དེའི་དམིགས་ཡུལ་ནི་ཀོས་ནན་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏོང་རྒྱུ་དེ་རེད།  

འོས་སྦྱོར་ཚོགས་འདུའི་ཐོག་ཁྲེང་ཏུའུ་ཡི་གྲོང་མི་ཚོས་སྐམ་ཤ་དང་ཕྱུར་བ་སོགས་ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བ་མྱོང་ཐུབ་པ་མ་ཟད།ད་དུང་ཀོས་ནན་རྫོང་གི་བོད་ཀྱི་གླུ་གར་འཁྲབ་སྟོན་ཡང་མྱོང་རོལ་ཐུབ་པས་གྲོང་མི་ཚོར་སྟོན་དུས་སུ་དྲོད་སྐྱིད་ཀྱི་ཚོར་སྣང་ཟབ་མོ་ཞིག་བྱུང་།ད་དུང་འོས་སྦྱོར་ཚོགས་འདུའི་ཐོག་ཁེ་ལས་ཚོའི་ཕྱིར་ཚོང་གནས་ཚུལ་བཟང་སྟེ།ཞིང་ཕྱུགས་ཐོན་རྫས་ཁེ་ལས་མང་པོ་ཞིག་གི་ཕྱིར་ཚོང་གྲངས་འབོར་སྔོན་དཔག་བྱས་པ་ལས་བརྒལ་ནས་ཡུན་རིང་གི་མཉམ་ལས་མངགས་ཐོའི་གན་རྒྱ་བཞག

ཐེངས་འདིའི་འོས་སྦྱོར་ཚོགས་འདུ་ནི་གྲུབ་འབྲས་ཐོབ་པའི་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་ཞིག་ཡིན་པ་མ་ཟད།རིག་གནས་སྤེལ་རེས་དང་མཉམ་ལས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཀྱང་ཡིན།དེས་ཀོས་ནན་རྫོང་གི་ཐོན་རྫས་ལ་ཁྲོམ་ར་ཆེན་པོ་ཞིག་བཏོད་ཡོད་ལ་ཁྲེང་ཏུའུ་ཡི་གྲོང་མིར་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་ལེན་དང་ཞིམ་ཟས་ལོངས་སྤྱོད་ཡོང་བར་བྱས་ཡོད།བྱེད་སྒོ་བདེ་ལེགས་ངང་སྤེལ་བ་དེས་ཀོས་ནན་རྫོང་གི་ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་མ་ཟད།ས་གནས་གཉིས་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་།

               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章