ཁུལ་དམངས་ཆེན་གྱིས་ཀྲུའུ་རེན་གྲོས་ཚོགས་ཐེངས་ཞེ་བཞི་པ་བསྡུས།

时事   2024-10-29 20:50   青海  
                  

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་ཞེ་བཞི་པ་བསྡུས།


    ཟླ10བའི་ཚེས28ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅོ་ལྔ་བས་ཀྲུའུ་རེན་གྲོས་ཚོགས་ཐེངས་ཞེ་བཞི་པ་བསྡུས་ཤིང་། ཁུལ་དམངས་ཆེན་རྒྱུན་ལས་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་མ་ཅན་ཧོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    གྲོས་ཚོགས་སྟེང་རིམ་པ་བཞིན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ལྷོ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ། 2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་ལག་བསྟར་བྱེད་པའི་དུས་དཀྱིལ་དཔྱད་ཞིབ་སྙན་ཞུའི》སྐོར་གྱི་དཔྱད་ཞིབ་སྙན་ཞུ།《ཁུལ་མི་དམངས་སྲིད་གཞུང་གི2024ལོའི་ཟླ1ནས9བའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཁུལ་རིམ་པའི་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྙན་ཞུ》སྐོར་གྱི་ཞིབ་བཤེར་སྙན་ཞུ། མཚོ་ལྷོ་ཁུལ་གྱི2023ལོའི་གསར་བ་བཏོན་བུན་འཛིན་ལས་གཞི་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་ཆེད་དོན་ལྟ་ཞིབ་སྙན་ཞུ། ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི། སྐྱོན་བརྗོད་དང་བསམ་འཆར་བྱ་བའི་སྐུལ་སྤེལ་གནས་ཚུལ་སྐོར་གྱི་སྙན་ཞུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིགས་ལུགས་ལག་བསྟར་ཞིབ་བཤེར་སྙན་ཞུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག》སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་སྙན་ཞུ།《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་བྱ་བའི་སྲོལ་ཡིག་དག་བཅོས་འཆར་ཟིན》གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། ཁུལ་མི་དམངས་སྲིད་གཞུང་གི་མཚོ་ལྷོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་འབེན་ལག་བསྟར་དུས་དཀྱིལ་དཔྱད་ཞིབ་སྙན་ཞུ། 2024ལོའི་ཟླ1པ་ནས9བའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ཁུལ་རིམ་པའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་སྐོར་གྱི་སྙན་ཞུ། མཚོ་ལྷོ་ཁུལ་གྱི2023ལོའི་གསར་བཏོན་བུན་འཛིན་མ་དངུལ་དོ་དམ་དང་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི། སྐྱོན་བརྗོད་དང་བསམ་འཆར་སྒྲུབ་ཚུལ་བཅས་སྐོར་གྱི་སྙན་ཞུ། ཁུལ་མི་དམངས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་མང་ཚོགས་ཀྱི་དམངས་ཚིས་ཁྱབ་ཁོངས་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཆེད་དོན་སྙན་ཞུ། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཕྱུགས་ཅུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་ཁུལ་གྱི་སྐབས་བཅོ་ལྔ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མིའི་གྲོས་གཞི། སྐྱོན་བརྗོད་དང་བསམ་འཆར་སྒྲུབ་ཚུལ་སྐོར་གྱི་སྙན་ཞུའི་འབྲེལ་ཡོད་མི་དོན་བསྐོ་འཐེན་སྐོར་གྱི་གྲོས་གཞི་བཅས་ལ་ཞིབ་བཤེར་གཏན་འབེབ་གནང་། ཀྲུའུ་རེན་གྲོས་ཚོགས་སྟེང་གོང་གསལ་གྱི་གྲོས་གཞི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་གནང་རྒྱུར་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་སྟེང་ཁུལ་ཡོངས་ཀྱི《རྒྱལ་ཁོངས་ལྗང་སྒྱུར་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འཆར་གཞི་ལག་བསྟར་དོན་འཁྱོལ་གནས་ཚུལ་ལྟ་ཞིབ་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆར》དང《མཚོ་ལྷོ་ཁུལ་གྱི་བརྒྱད་ལྔའི་ཁྲིམས་གདལ་གྲོས་ཆོད་ལག་བསྟར་དོན་འཁྱོལ་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆརསྐོར》གནས་ཚུལ་སྙན་ཞུ།《ཁུལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཕྱིར་གཏོང་རྩ་འཛུགས་ཅན་གྱི་ཚད་གཞིར་བརྟག་ཞིབ་བྱས་པའི་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆར》གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་གཏན་འབེབ་གནང་བ་མ་ཟད། ཀྲུའུ་རེན་གྲོས་ཚོགས་སྟེང་གོང་གསལ་གྱི་གྲོས་གཞི་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱིས་ཨུ་ཡོན་ལས་དོན་ལ་སྙན་ཞུ་འབུལ་རྒྱུར་མོས་མཐུན་བྱུང་།

    གྲོས་ཚོགས་ལས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《མཚོ་ལྷོ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལོ་ལྔའི་འཆར་བཞི་བཅུ་བཞི་བ་དང2035ལོའི་རྒྱང་རིང་དམིགས་རྩ་གནད་ལག་བསྟར་བྱེད་པའི་དཔྱད་ཞིབ་སྙན་ཞུའི》གྲོས་ཆོད་ཆོག་མཆན་དང། ཁུལ་མི་དམངས་སྲིད་གཞུང་གི2024ལོའི་ཟླ1པོ་ནས་ཟླ9པའི་བར་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་ཁུལ་རིམ་པའི་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྐོར་གྱི་གྲོས་ཆོད་ཆོག་མཆན་གྱི་སྐོར་ལ་ཞིབ་འཇུག་བྱས། ཀྲུའུ་རེན་གྲོས་ཚོགས་སྟེང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་ཐག་གཅོད་འདོན་པར་མོས་མཐུན་བྱུང་ཡོད།

    ཚོགས་འདུའི་སྟེང་ད་དུང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་ཉེར་བཞི་པའི་འབྲེལ་ཡོད་གྲོས་ཞིབ་བསམ་འཆར་ལ་ཞིབ་བཤེར་གཏན་འབེབས་དང་། ཁུལ་མི་དམངས་སྲིད་གཞུང་ལ་བརྒྱུད་སྤྲོད་བྱ་རྒྱུར་མོས་མཐུན་བྱུང་ཞིང་། ཁུལ་དམངས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་ལས་ཁུངས་ལ་འབྲེལ་བ་བྱེད་པར་ཤུགས་སྣོན་དང་།  གྲོས་ཞིབ་བསམ་འཆར་གྱི་རྗེས་འདེད་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་རུང་ཡོན་དང་། གསེར་མཚོ། དཔལ་ལྡན། ཀིན་ཧྲིན་ཁྲུན། ཏིན་རེ་ཡུས། མཱ་ཧྲའོ་ཧྥུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའམ་གཞུང་ལས་ཁང་གི་ཀྲུའུ་རེན་མཁས་ཆེན་དོན་གྲུབ་བཅས་ཚོགས་འདུར་ཞུགས། ཁུལ་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས།


 ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།



རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章