ཞོགས་ཟས་ཁོལ་མས་མི་སེམས་ལ་དྲོད་ཀྱིས་ཁེངས་བར་བྱས།

时事   2024-10-31 19:59   青海  
ཞོགས་པའི་ཉི་འོད་དང་མཉམ་དུ་ཀོས་ནན་གྱི་སྲང་ལམ་ཆེ་ཆུང་ཀུན་ཏུ་ཧེང་ཤིན་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་ལས་བཟོ་ས་སྔ་མོ་ནས་ཉིན་གཅིག་གི་ལས་ཀ་བྱེད་གོ་བཙུགས་ཏེ་ཁུ་སིམ་མེར་གྲོང་ཁྱེར་གྱི་དག་གཙང་གི་ཆེད་དུ་དཀའ་སྤྱད་ཀྱི་རྔུལ་ཆུ་འདོན་གྱིན་ཡོད།   དེ་བས་ཀོས་ནན་རྫོང་སྤྱིའི་བཟོ་ཚོགས་ཀྱིས་བསྟུད་མར་ལོ་བཞིའི་རིང་ལ་འཐབ་ཕྱོགས་དང་པོའི་ཁོར་སྲུང་ལས་བཟོ་བར་གཅེས་སེམས་མཚོན་པའི་ཞོགས་ཟས་མཁོ་འདོན་བྱེད་བཞིན་ཡོད།  

གསར་འགོད་པ་བྲོ་ལྡན་ཟ་ཁང་དུ་ཐོན་པ་ནསྔ་དྲོའི་ལས་ཀ་ཚགས་སུ་བཅུག་པའི་ཁོར་སྲུང་ལས་བཟོ་་ཚོ་གྲལ་བསྒྲིགས་ནས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པའི་ཟས་སྣ་མང་ལ་བྲོ་བ་ལྡན་པའི་ཞོགས་ཟས་དག་རང་རང་གི་འདོད་མོས་ལྟར་འདེམས་ནས་གདོང་ལ་འཛུམ་གྱིས་ཁེངས་ཏེ་ཞོགས་ཟས་ལ་རོལ་ནས་ཡོད། 

རྫོང་ཧེང་ཤིན་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་ལས་བཟོ་བ་ཧོ་མིལུ་གྱིས་བཤད་རྒྱུར། ང་ཚོ་ཞོགས་པ་སྔ་མོ་ནས་ལངས་དགོས་པས་ཞོགས་ཟས་ཟ་ཁོམ་མེད།  དུས་རྒྱུན་གནས་འདིར་ཡོང་ན་ཞོགས་ཟས་ཕུན་སུམ་ཚོགས་པ་གྲ་སྒྲིག་བྱས་ཡོད་པས་ངོ་མ་བཟང་ཟེར། 

ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བའི་ཞོགས་ཟས་ལ་འགན་ལེན་བྱ་ཆེད། རྫོང་སྤྱིའི་བཟོ་ཚོགས་ཀྱིས་ཟ་ཁང་ལ་ཉིན་རེའི་ཟས་ཐོ་བཟོས་ཏེ་སྡེབ་སྒྲིག་ལུགས་མཐུན་དང་། འདང་ངེས་ཡོད་པ།འཚོ་བཅུད་དོ་སྙོམས་བཅས་ཡོང་བ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད།     གནམ་གཤིས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་ཚོས་ཉིན་བཞིན་ཟ་མ་དུས་ལྟར་ཟ་ཐུབ་པར་འགན་ལེན་བྱས་ཡོད། དེ་མིན་དུས་ངེས་མེད་ཀྱིས་ཡུལ་དངོས་སུ་ལྟ་བ་དང་ཁ་པར་ས་འདྲི་བ་སོགས་ཀྱི་རྣམ་པས་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་དང་བསྡུ་ལེན་བྱེད་པ་དང་།    གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡོད།    

རྫོང་བྲོ་ལྡན་ཟ་ཁང་གི་འགན་འཁུར་བཕུའུ་ཅོན་གྱིས་བཤད་རྒྱུར། ང་ཚོས་ཁོར་སྲུང་ལས་བཟོ་བ་དག་ལ་ཟ་མ་བཅོས་ནས་ལོ་བཞི་འགོར་སོང་།ཉིན་ལྟར་ཞོགས་པའི་ཆུ་ཚོད7དང་ཕྱེད་ཀ་ནས་ཆུ་ཚོད9བར་ནི་ཟ་མ་ཟ་བའི་དུས་ཡིན།    མི་གྲངས་ཅུང་མང་བའི་རྐྱེན་གྱིས་ང་ཚོས་སྐོར་ཁག་བགོས་ནས་ཟ་མ་ཟ་བཞིན་ཡོད།   ཀོས་ནན་རྫོང་སྤྱིའི་བཟོ་ཚོགས་ཀྱིས་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།  

རྒྱུས་ལོན་པ་ལྟར་ན། ཁུལ་སྤྱིའི་བཟོ་ཚོགས་ཀྱིས་སྣེ་ཁྲིད་དང་རྫོང་སྤྱིའི་བཟོ་ཚོགས་ཀྱིས་ཞིབ་ཕྲའི་ལག་བསྟར་བྱ་རྒྱུའི་འགན་འཁུར་བའི་གཅེས་སེམས་ཞོགས་ཟས་འདུ་འགོད་ནི་2021ལོ་ནས་ལག་ལེན་བསྟར་གོ་ཚུགས་པའི་ཚུན།ཀོས་ནན་རྫོང་གིས་མཁར་གྲོང་ས་ཁུལ་དུ་ཞོགས་ཟས་མཁོ་འདོན་ས་ཚིགས2བཙུགས་པ་དང་མགོ་མང་གྲོང་རྡལ་དང་སུམ་མདོ་གྲོང་རྡལ།ཐར་ཤུལ་ཞང་བཅས་སུ་ཞོགས་ཟས་མཁོ་འདོན་ས་ཚིགས1རེ་བཙུགས་ནས་གྲང་ངར་དང་ཆར་པ་འབབ་པ།གཟའ་མཇུག་དང་དུས་ཆེན་སོགས་གང་གི་སྐབས་སུའང་ཁོར་སྲུང་ལས་བཟོ་ར་གཅེས་སེམས་ཞོགས་ཟས་མཁོ་འདོན་བྱེད་ཀྱིན་ཡོད།


                

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章