ཀོས་ནན་རྫོང་གི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མགོ་བཙུགས།

时事   2024-11-04 21:36   青海  


ཉེ་ཆར། ཀོས་ནན་རྫོང་གི་ཐེངས་དང་པོའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་རྫོང་ཨུའི་ཏང་གི་སློབ་གྲྭར་འཚོགས་པ་དང་རྫོང་ཨུའི་ཧྲུའུ་ཅི་ཞུའེ་ཧྲུན་ཡུན་ཚོགས་འདུར་ཞུགས་ནས་གཏམ་བཤད། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སྐར་མ་རྡོ་རྗེ་ཡིས་མགོ་འཛིན་བྱས།ཞུའེ་ཧྲུན་ཡུན་གྱིས་བྱ་བའི་སྐོར་དང་།སློབ་སྦྱོང་གི་སྐོར།    འཚར་ལོངས་ཀྱི་སྐོར། བདེ་ཐང་སྐོར་བཅས་ཕྱོགས་བཞིའི་ཐད་ནས་གཏམ་བཤད། 

ཁོས་བསྟན་དོན། གཞོན་དར་ལས་བྱེད་པ་ནི་ལས་དོན་ཁག་གི་གཙོ་ཤུགས་དམག་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་གདོང་མཆོང་དམག་དཔུང་། བྱ་གཞག་འཕེལ་རྒྱས་གཏོང་བའི་རྗེས་གྲབས་དམག་དཔུང་བཅས་ཡིན་པས་ལས་དོན་གྱི་ངོ་བོ་དང་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལས་དོན་ནི་དོན་གཉེར་ཞིག་དང་། འགན་འཁྲི་ཞིག ལས་འགན་ཞིག་བཅས་སུ་བརྩིས་ནས་སྤྲོ་སེམས་ཆེ་བ་དང་དད་སེམས་བརྟན་པོས་བློ་སྟོབས་སྦྱོང་བ་དང་འབད་འཐབ་བྱེད་པའི་ཁྲོད་རིན་ཐང་མངོན་འགྱུར་བྱེད་དགོས་པ་བསྟན།

  ཁོས་གཞོན་དར་ལས་བྱེད་པས་སློབ་སྦྱོང་དང་ནུས་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གོ་སྐབས་ལ་གཅེས་སྤྲས་ཀྱིས་ཞིབ་འཇུག་གཏིང་ཟབ་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པ།    ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་སྤེལ་རེས་མང་ཙམ་བྱེད་པ། དུས་རབས་ཀྱི་རྗེས་སྙེགས་པ་བཅས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་གི་དགོས་གཏུག་བསམ་པ་དང་ཉེན་ཁའི་བསམ་པ་རྒྱུན་འཁྱོངས་བྱས་ནས་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས། གཅིག་ནས་དཔེ་དེབ་ལས་སློབ་སྦྱོང་བྱས་ཏེ་ཤེས་བྱ་གསོག་དགོས། གཉིས་ནས་སྤྱི་ཚོགས་ལ་སློབ་སྦྱོང་བྱས་ནས་འཇོན་ཐང་སྦྱོང་བརྡར་བྱེད་དགོས། གསུམ་ནས་གཞི་རིམ་ལས་སློབ་སྦྱོང་བྱས་ནས་བློ་གྲོས་བསྡུ་ལེན་བྱེད་དགོས།    
ཁོས་རེ་བར། གཞོན་དར་ལས་བྱེད་པས་མི་སྒེར་གྱི་འཚར་ལོངས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་།    ཐོག་མཐའ་བར་གསུམ་དུ་ཇི་ལྟར་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུར་བསམ་བློ་གཏོང་དགོས་ཤིང་།    རང་ཉིད་ཀྱིས་འབད་བརྩོན་དང་བློས་གཏོང་བྱས་པར་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་དང་རྩ་འཛུགས་ཀྱི་ཡིད་ཆེས་ཐོབ་པ་བྱས་ཏེ་འཕེལ་རྒྱས་ཀྱི་གོ་སྐབས་དེ་ལས་ལེགས་པོ་ཐོབ་པར་བྱེད་དགོས།  གོ་གནས་འཕར་སྟངས་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་།    འཇོན་ཐང་ཆེ་རུ་འགྲོ་བ་དང་ཉམས་མྱོང་གསོག་འཇོག་བྱ་རྒྱུར་དེ་ལས་མཐོང་ཆེན་བྱ་དགོས།    ཀུན་སྤྱོད་རྩ་བར་འཛིན་པ་དང་།    འཇོན་ཐང་ཆེ་རུ་གཏོང་བ།    བརྩོན་འགྲུས་སྒུལ་ཤུགས་སུ་བྱེད་པ།    བྱས་རྗེས་དམིགས་ཡུལ་དུ་བྱེད་པ།    སྤྱོད་གཙང་འགན་ལེན་དུ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།     ཆོས་ཉིད་ལྟར་ངལ་གསོ་དང་། བདེ་ཐང་བཟའ་བཏུང་། སྒྱིད་ལུག་གི་བསམ་པ་ཁྱད་དུ་བསད་ནས་འགུལ་སྐྱོད་ཀྱི་གོམས་གཤིས་བཟང་པོ་ཆགས་པར་བྱེད་དགོས།    

ཞུའེ་ཧྲུན་ཡུན་གྱིས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཡོངས་ལ་སྒྲིག་ཁྲིམས་ཀྱི་བླང་བྱ་བཏོན་པ་སྟེ། གཅིག་ནས་གསོ་སྦྱོང་འཛིན་གྲྭའི་གཅིག་གྱུར་དོ་དམ་དང་ལེན་མཐའ་གཅིག་ཏུ་བྱེད་དགོས།གཉིས་ནས་སྒྲིག་སྲོལ་ལམ་ལུགས་ཁག་ལ་བརྩི་སྲུང་ནན་ཏན་བྱ་དགོས། གསུམ་ནས་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་དགོས།    

སྐར་མ་རྡོ་རྗེས་ཡིས་མགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཞུའེ་ཧྲུན་ཡུན་གྱི་བཀའ་སློབ་ལ་བརྩི་སྲུང་ནན་མོ་བྱས་ཏེ་སེམས་ལ་བརྟན་པོར་ངེས་པ་དང་བསམ་བློའི་འཁྲུལ་གཞི་ལས་གཡོལ་ནས་སློབ་སྦྱོང་ཐོག་མཐའ་བར་གསུམ་དུ་བྱས་ཏེ་གང་ཞིག་བྱེད་དགོས་པ་དེ་སྦྱོང་བ་དང་གང་ཞིག་མི་འདང་བ་དེ་གསབ་ནས་དམིགས་སའི་རང་བཞིན་ཁོང་དུ་ཆུད་པ་བྱས་ཏེ་གོམས་བྱང་ཅན་ཞིག་ཏུ་འགྱུར་བ་བྱེད་དགོས། སློབ་སྦྱོང་དང་བསམ་བློ་གཏོང་བ།    ལག་ལེན་དང་ཤེས་རྟོགས་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས།  སློབ་སྦྱོང་ལ་བརྟེན་ནས་ཤེས་བྱར་སྐུལ་འདེད་གཏོང་བ་དང་།    ཤེས་བྱར་བརྟེན་ནས་བྱ་སྤྱོད་ལ་སྐུལ་འདེད་གཏོང་བ།    ལག་ལེན་བསྟར་ནས་ཤེས་རྟོགས་བྱེད་པ་བཅས་བྱས་ཏེ་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་པ། ཤེས་སྤྱོད་གཅིག་སྒྲིལ།    འཕྲལ་སྒྲུབ་ལག་བསྟར་བཅས་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་།    བསམ་གཞིག་རྒྱ་ཆེར་གཏོང་བ། ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀོས་ནན་ལ་རྒྱུས་ལོན་པ་དང་ཀོས་ནན་ལ་དགའ་ཞེན།   ཀོས་ནན་དར་རྒྱས་གཏོང་བའི་འགན་འཁྲི་མངོན་དགོས་པ་བསྟན།    
               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章