རང་ཁུལ་གྱིས2024ལོའི་ཆུ་གྲོན་ཆུང་བྱ་བའི་གྲོས་ཚོགས་བསྡུས་པ།

时事   2024-10-27 11:06   青海  


ཉེ་སྔོན། མཚོ་ལྷོ་ཁུལ་གྱིས2024ལོའི་ཆུ་གྲོན་ཆུང་བྱ་བའི་ཁུལ་རིམ་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས2023ལོར་ཆུ་གྲོན་ཆུང་བྱས་པའི་བྱ་བའི་གནས་ཚུལ་དང་། 《ཆུའི་གྲོན་ཆུང་སྲོལ་ཡིག》 《མཚོ་ལྷོ་ཁུལ་གྱི་ཆུའི་གྲོན་ཆུང་གི་ལག་བསྟར་ཇུས་གཞིའི》ནང་དོན་གཙོ་བོ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།ཆུའི་གྲོན་ཆུང་བྱེད་པའི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཁུལ་ཞིང་ཕྱུགས་ཅུས་དང་ཁུལ་སྡོད་ཁུལ་འཛུགས་སྐྲུན་ཅུས།ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་དོ་དམ་ཅུས་བཅས་ཀྱི་འབྲེལ་ཡོད་བློ་མཐུན་གྱིས་ཚོགས་ཆེན་སྟེང་གཏམ་བཤད་བརྗེ་རེས་སྤེལ་ཞིང་།ལས་ཁུངས་གཞན་དག་གིས་ཡིག་ཐོག་ནས་བརྗེས་རེས་བྱས།གྲོས་ཚོགས་ལས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཆུ་གྲོན་ཆུང་དོ་དམ་བྱ་བར་གཙིགས་ཆེན་གནང་ཞིང་།རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་དང་རྨཆུའི་འབབ་རྒྱུད་ཀྱི་ཆུ་གྲོན་ཆུང་ཚོད་འཛིན་བྱེད་པར་སྐུལ་འདེད་ཆེན་པོ་བཏང་ནས་ཞིང་ལས་སྒྲིག་བཀོད་དང་།བཟོ་ལས།གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུའི་གྲོན་ཆུང་ཕྱོགས་བསྡུས་ཀྱིས་སྤྱི་ཚོགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ།རྒྱལ་ཁབ་ཀྱི་ཆུའི་གྲོན་ཆུང་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་ལེགས་འགྲུབ་བྱས་པ་དང་།ཐུན་ཏེ་རྫོང་དང་ཞིན་ཧེ་རྫོང་གཉིས་ཀྱི་ཆུའི་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ཚད་གཞིར་སླེབས་ཡོད་པ་མ་ཟད།སྤྱི་བའི་སྒྲིག་གཞི255དང་།ཆུ་གྲོན་ཆུང་ཅན་གྱི་སྡོད་ཁུལ་ཉེར་གསུམ།ཆུ་གྲོན་ཆུང་ཅན་གྱི་ཁེ་ལས་གཉིས་བཅས་གསར་འཛུགས་བྱས་ཡོད།རྒྱལ་ཁབ་རིམ་པའི་སྤྱི་པའི་སྒྲིག་གཞིའི་ཆུ་ནུས་སྔོན་ཐོན་ཅན་གཅིག་ཡོད་པ་དང་།ཐད་གཏོགས་ལས་ཁུངས་ཀྱི་ཆུ་གྲོན་ཆུང་ཅན་གྱི་སྤྱི་བའི་སྒྲིག་གཞི་འཛུགས་སྐྲུན་བརྒྱ་ཆའི་དྲུག་ཅུའི་ཡན་ལ་ཟིན་ཡོད་པ་རེད།ཆུ་གྲོན་ཆུང་བྱེད་པའི་དོ་དམ་ལམ་ལུགས་མང་པོ་སྔར་ལས་འཐུས་ཚང་དང་།ཆུའི་གྲོན་ཆུང་གི་འགན་འཁྲི་སྔར་ལས་ལེགས་པོར་བསྒྲུབ་ནས་ཆུ་གྲོན་ཆུང་གི་སྒྲིག་བཀོད་རྨང་ཁྱོན་ཡོངས་ལ་ཁེབས་པར་བྱས་ཤིང་།ཆུའི་གྲོན་ཆུང་གི་འདུ་ཤེས་མཐོར་འདེགས་དང།དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་མངོན་གསལ་ལྡན་པས།རང་ཁུལ་དུ་སྐྱེ་ཁམས་ཁུལ་དང་།དག་གཙང་ནུས་ཁུངས་སྟོབས་ལྡན་ཁུལ།ཞིང་ཕྱུགས་ལས་བརྟན་འཇགས་ཁུལ་བཅས་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིངས་ཡོད་པ་བསྟན། 

གྲོས་ཚོགས་ལས2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པ་དང་།ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་དམིགས་འབེན་གྱི་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པས།སྡེ་ཁག་སོ་སོས་གནས་བབ་གསར་པའི་འོག་གི་ཆུའི་ཐོན་ཁུངས་ཀྱི་དོ་དམ་དང་ཆུ་གྲོན་ཆུང་བྱ་བའི་ལས་འགན་གསར་པར་གོ་བ་གཏིང་ཟབ་ཏུ་ལེན་དགོས།སྔོན་ལ་ཆུ་གྲོན་ཆུང་བྱེད་པ་རྒྱུན་འཁྱོངས་དང་།ལས་བྱེད་པས་བསྒྲུབ་དགོས་པ་དང་།རིགས་ལམ་གསལ་བོ་ཡིན་པ།རང་གཅུན་ནན་མོའི་བླང་བྱ་ལག་བསྟར་བྱས་ཏེ།ཆུའི་ཐོན་ཁུངས་དོ་དམ་གྱི་ནུས་ཤུགས་རྒྱུན་མཐུད་ངང་མཐོར་འདེགས་སུ་གཏོང་བ་དང་།ཆུའི་གྲོན་ཆུང་བྱ་བར་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།གྲོས་ཚོགས་ལས་ཆུའི་ཐོན་ཁུངས་ཀྱི་འགྱུར་མེད་གཅུན་སྡོམ་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ནས་ཆུ་སྤྱོད་གྲོན་ཆུང་གི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་བ།ཆུ་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་བྱས་ཏེ།ཞིང་ལས་ཀྱི་ཆུའི་གྲོན་ཆུང་ཕན་ནུས་ཆེ་རུ་གཏོང་དགོས།བཟོ་ལས་ཀྱི་ཆུའི་གྲོན་ཆུང་ཕྱིར་གཏོང་ཇེ་ཉུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུའི་གྲོན་ཆུང་བྱ་བ་ཇེ་ལེགས་སྒོས་དམིགས་བསལ་གྱི་ཆུ་བེད་མཐོར་འདེགས་དང་།ཁྲིམས་ལྟར་ཆུ་བཅོས་སྐྱོང་བྱེད་པའི་བྱ་བར་ཤུགས་སྣོན་བྱ་དགོས་པའི་བླང་བྱ་བཏོན།

ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།




རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章