གློ་བའི་འབྲས་སྐྲན་ནི་ཅི་ཞིག་ཡིན།
གློ་བའི་འབྲས་སྐྲན་བྱུང་བ་དེ་རྒྱུ་རྐྱེན་མང་པོར་འབྲེལ་ཡོད་དེ། གཅིག དུ་བ་འཐེན་པ། གློ་བའི་འབྲས་སྐྲན་ནི་དུ་བ་མི་འཐེན་པའི་མི་ལའང་ཕོག་པའི་བསྡུར་ཚད་ཆེ་ནའང་། དུ་བ་འཐེན་པ་ནི་སྔར་བཞིན་གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། གཉིས། རྒྱུད་འདེད་པ། ཁྱིམ་རྒྱུད་ཁྲོད་གློ་བའི་འབྲས་སྐྲན་ཕོག་པའི་ནད་པ་ཡོད་ན། ནད་ཕོག་པའི་ཉེན་ཁ་དེ་བས་ཆེ་བ་རེད། གསུམ། ཁོར་ཡུག དཔེར་ན་དུས་ཡུན་རིང་པོར་རྡོ་བལ་དང་ཏུང་རླུང་སོགས་གནོད་ལྡན་དངོས་རྫས་ལ་འབྲེལ་འདྲིས་བྱེད་པ་ལས་བྱུང་བ་ཡིན།
སྨན་བཅོས་ལག་རྩལ་ཇེ་བཟང་དུ་སོང་བ་དང་བསྟུན་ནས། གློ་བའི་འབྲས་སྐྲན་སྨན་བཅོས་བྱེད་པར་ཐབས་ལམ་མང་པོ་ཡོད་དེ། སྔ་དུས་ཀྱི་གློ་བའི་འབྲས་སྐྲན་ནི་གཤགས་བཅོས་དང་སྨན་རྫས་ཀྱིས་འབྲས་སྐྲན་ཕྲ་ཕུང་གསོད་པའམ་ཡང་ན་ནུས་ཚད་མཐོ་བའི་འཕྲོ་ཐིག་ལ་བརྟེན་ནས་འབྲས་སྐྲན་ཕྲ་ཕུང་གསོད་པ་སོགས་ཡོད། སྨན་བཅོས་བྱེད་ཐབས་གང་ཞིག་བདམ་རྒྱུ་ནི་གཙོ་བོ་འབྲས་སྐྲན་གྱི་དུས་དགར་དང་ནད་པའི་སྤྱིའི་བདེ་ཐང་གནས་ཚུལ་ལ་རག་ལས་པས། སྨན་པས་ནད་པའི་བྱེ་བྲག་གི་གནས་ཚུལ་ལ་ཕྱོགས་བསྡུས་དཔྱད་དཔོག་བྱས་རྗེས་བཅོས་ཐབས་གཏན་འཁེལ་བྱ་དགོས་སོ། །
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།