ཀོས་ནན་རྫོང་གི་དྲུང་ཡིག་གསོ་སྦྱོང་འཛིན་གྲྭ་དངོས་སུ་མགོ་ཚུགས།

时事   2024-11-07 21:59   青海  

ཉེ་ཆར། ཀོས་ནན་རྫོང་གི་ཐེངས་དང་པོའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་གཅིག་སྡུད་རེས་སྐོར་གསོ་སྦྱོང་འཛིན་གྲྭ་དང2024ལོའི་རྫོང་ཡོངས་ཀྱི་དྲུང་ཡིག་མི་སྣའི་གསོ་སྦྱོང་འཛིན་གྲྭ་འཚོགས་ཤིང་།རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་སྒྲོལ་མ་དོན་གྲུབ་སློབ་གོ་ཚུགས་པའི་མཛད་སྒོར་ཞུགས་ནས་གཏམ་བཤད།  རྫོང་སྲིད་གཞུང་གཞུང་དོན་ཁང་གི་ཀྲུའུ་རེན་ཧི་ཧྲི་ཡང་གིས་མགོ་འཛིན་བྱས། རྫོང་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའམ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཐིང་ཧུའེ་ཚོགས་འདུར་ཕེབས་ནས་སློབ་སྦྱོང་དང་སློབ་སྲོལ་ལ་བརྩི་སྲུང་ནན་མོ་བྱ་རྒྱུའི་ཐད་བླང་བྱ་བཏོན།   

སྒྲོལ་མ་དོན་གྲུབ་ཀྱིས་སློབ་གོ་ཚུགས་པའི་མཛད་སྒོའི་ཐོག་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། དྲུང་ཡིག་ལས་དོན་མི་སྣ་ནི་ཏང་སྲིད་ལས་ཁུངས་མགྱོགས་མྱུར་དང་ནུས་ཆེའི་འཁོར་སྐྱོད་འགན་ལེན་དང་གོ་ཁྲིད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་བློ་འདོན་ཚོགས་པ། ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་སྦྲེལ་ཟམ་བཅས་ཡིན་པསལས་འགན་ལྕི་པོ་ཁུར་ཡོད རྫོང་ཡོངས་ཀྱི་དྲུང་ཡིག་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིཞི་ཅིན་ཕིང་གི་གཞུང་དོན་ཐིགྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེའཇོན་ཐང་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དངཞབས་ཞུ་གསུམགྱི་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེརྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པ་བསྟན།
སྒྲོལ་མ་དོན་གྲུབ་ཀྱི་རེ་བར།གཅིག་ནས་བསམ་བློའི་ངོས་འཛིན་ཇེ་མཐོར་བཏང་སྟེ།སློབ་སྦྱོང་གི་རང་རྟོགས་དང་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།གཉིས་ནས་དོ་ཁུར་དང་ཕྱོགས་མང་མཉམ་འཛིན་བྱས་ནས་ལས་ཀའི་རང་འགུལ་རང་བཞིན སྤུས་ཚད་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་དགོས།  གསུམ་ནས་སྒྲིག་ཁྲིམས་དང་སློབ་སྲོལ་ནན་དུ་བཏང་སྟེ།གསོ་སྦྱོང་གི་གཟབ་ནན་རང་བཞིན་དང་དངོས་ཕན་རང་བཞིན་འགན་ལེན་བྱ་དགོས།
               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章