རང་ཁུལ་གྱིས་དམངས་འཐུས་ཚོཊ་ཆེན་བཙུཊ་ནས་ལོ70ལོན་པའི་ཚོཊ་འདུ་བསྡུས།

时事   2024-10-31 19:59   青海  

མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་མི་ཚོགས་ཆེན་དབུ་བརྙེས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།


    ཟླ10ཚེས30ཉིན། མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྱིས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་ངོ70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱས་ནས་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་དུས་རབས་གསར་པའི་མཚོ་ལྷོའི་དམངས་ཆེན་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་རེན་མཱ་ཅན་ཧུང་ཚོགས་འདུར་ཞུགས་ཤིང་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཧྥན་རུང་ཡོན་གྱིས་ཚོགས་འདུར་མགོ་འཛིན་བྱས། 

    ཚོགས་འདུའི་སྐབས་སུ་ཚོགས་ཞུགས་མི་སྣ་སྒྲིག་འཛུགས་སྒོས་མཚོ་ལྷོ་ཁུལ་དམངས་ཆེན་གྱི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་ཞིབ་དང་།  《མཚོ་ལྷོ་ཁུལ་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་གྱི་ཕྱིར་དྲན》ཞེས་པའི་ཆེད་སྒྲིག་ལེ་ཚན་ལ་བལྟས་པ་རེད། ཁུལ་གྱི་གཞུང་གཅིག་ཁང་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། ཁུལ་དམངས་ཆེན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་མི། རྫོང་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། ཤང་དང་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་ཁག་ཅིག་གིས་ལས་འགན་སྒྲུབ་པའི་ཉམས་མྱོང་ཟུང་འབྲེལ་བྱས་ཏེ། ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ཏེ་ཕྱོགས་ཡོངས་ནས་གཏམ་བཤད་བརྗེ་རེས་སྤེལ་ནས་ཉམས་མྱོང་ངོས་འཛིན་དང་གྲོས་གཞིའི་བྱེད་ཐབས་བཏོན་པ་རེད།

    ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70ལོནཔར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ནི་མིག་རྒྱང་རིང་ཞིང་། སྐུལ་ལྕགས་ལྡན་པ། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་གཟི་འོད་འཕྲོ་བའི་རྩ་གནད་རང་བཞིན་ལྡན་པའི་ཡིག་ཆ་ཞིག་ཡིན་པས། ང་ཚོས་དུས་རབས་གསར་པའི་དམངས་ཆེན་གྱི་ལས་དོན་ལེགས་པར་བསྒྲུབ་པ་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་མ་ཟད། ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རྩ་བའི་ལམ་ཕྱོགས་ཀྱང་མཁོ་འདོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་ཁུལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ལག་ལེན་ཉམས་མྱོང་ཕྱོགས་སྤྱི་བསྡོམས་ལེགས་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལེའུ་གསར་བ་འབྲི་བར་ལམས་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཡོད་པ་བསྟན།


    ཚོགས་འདུ་ལས་ལོ་ངོ70རིང་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱིས་མཚོ་ལྷོའི་ལག་ལེན་ཁྲོད་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་དང་གསོན་ཤུགས་བསྩལ་ཞིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་རྒྱུན་འཁྱོངསདང་། མི་དམངས་གཙོ་བོ་ཡིན་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་གཅིག་གྱུར་དང། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་འགན་འཁྲི་ལྷག་བསམ་ཟོལ་མེད་ངང་བསྒྲུབ་ནས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་སྔར་ལས་ནུས་ལྡན་དང་། ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། མི་དམངས་དམངས་གཙོའི་བྱ་གཞག་སྔར་ལས་བཟང་བོ་བསྒྲུབ་པ། རང་ངོས་འཛུགས་སྐྱོང་སྔར་བས་ཇེ་དྲག་ཏུ་གཏོང་བ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བསྒྱུར་བཅོས་ཀྱི་ལས་འགན་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་པ་བསྟན།

ཚོགས་འདུའི་སྟེང་། དུས་རབས་གསར་པའི་དམངས་ཆེན་ལས་དོན་གྱི་རྒྱང་སྐྱོད་ལམ་བུར་ཞུགས་ནས་ལམ་ལུགས་ལ་ཡིད་རྟོན་ཆེན་པོ་བཅངས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་བརྟན་པོ་འཛུགས་དགོས། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་སྲུང་བྱེད་པའི་ཐད་ལ་བློ་དཀར་སེམས་དཀར་དང་། ཁྲིམས་སྐྱོང་འཛུགས་སྐྲུན་འབུར་དུ་ཐོན་པའི་སྒོ་ནས་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་འགན་འཁུར་མངོན་གསལ་ཡོང་བར་བྱ་དགོས། ཁྲིམས་ལྟར་རང་འགན་བཟང་བོ་བསྒྲུབ་པ་དང་། ལྟ་སྐུལ་ནུས་པར་ཤུགས་སྣོན་པ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ། མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ལས་འགན་ལག་བསྟར་དང་། བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་ཐོག་ནས་ལག་བསྟར་ནན་མོ་བྱ་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་ཆེན་ལས་དོན་གྱི་སྟོབས་ཤུགས་ཤུགས་གཅིག་ཏུ་སྒྲིལ་དགོས་པ་ནན་གྱིས་བསྟན།

    ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཁག་གི་ཁོངས་མི་དང་། ཁུལ་དམངས་ཆེན་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པའི་འཐུས་མི། ཁུལ་གྱི་གཞུང་གཅིག་ཁང་གཉིས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན།  ཁུལ་ཐད་གཏོགས་ལས་ཁུངས་དང་ཁུལ་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་དུ་ཡོད་པའི་རྒྱལ་ཡོངས་དང་། ཞིང་ཆེན་རིམ་པའི་དམངས་ཆེན་འཐུས་མི། རྫོང་སོ་སོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཤང་དང་གྲོང་རྡལ་ཁ་ཤས་ཀྱི་དམངས་ཆེན་ཀྲུའུ་ཞི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་རྣམས་བཞུགས་མོལ་ཚོགས་འདུར་ཞུགས།


 ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།


རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章