ཐར་ཤུལ་ཞང་སྟར་ལུང་སྡེ་བའི་མང་ཚོགས་ཀྱི་སྡོད་གནས་ཁ་ཐོར་ཡིན་པ་དང་།ཆུ་དང་གློག ལམ་སོགས་རྨང་གཞིའི་སྒྲིག་བཀོད་འབྲོག་ཁྱིམ་ཚང་མར་ཐོན་པར་དཀའ་ཚེགས་ཆེ་ལ། མང་ཚོགས་ཀྱི་སློབ་ཞུགས་དང་། སྨན་བཅོས། འཚོ་བའི་དངོས་ཟོག་ཉོ་རྒྱུ་བཅས་ཧ་ཅང་སྟབས་བདེ་མིན་པས།རྫོང་ཨུ་དང་རྫོང་སྲིད་གཞུང་གིས2016ལོར་སྡེ་བ་དེ་ཁྱོན་ཡོངས་ནས་གནས་སྤོ་བྱ་རྒྱུའི་འཆར་གཞི་བཟོས། རྣམ་གྲངས་ཀྱི་ཐོག་མའི་ལས་དོན་སྒྲུབ་སྐབས། རྟ་མགྲིན་རྒྱལ་འཕྲུལ་རྟ་བཞོན་ནས་དཔེ་རིས་རྒྱབ་ཏུ་ཁུར་ཏེ་སྟར་ལུང་སྡེ་བའི་འདམ་རྫབ་གྱི་ལམ་བུ་ལས་ཕར་འགྲོ་ཚུར་འོང་བྱས་ཤིང་། ཉིན7རིང་། ཁྱིམ་ཚང198ཀྱི་སྡོད་གནས་དང་རྩྭ་ར་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་བཀོད་པའི་ལག་བྲིས་ས་དབྱིབས་དཔེ་རིས་ཤིག་ཇུས་འགོད་བྱས་ཤིང་། ཚང་མས་རྟ་མགྲིན་རྒྱལ་གྱིས་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་ཆེད་གོང་རིམ་གྱི་མ་དངུལ་བརྩོན་ལེན་བྱས་ཏེ། ཁོད་སྙོམས་པའི་ཨར་འདམ་གྱི་གཞུང་ལམ་བསྐྲུན་པ་དང་དཀར་ཆ་དོད་པའི་ལམ་སྒྲོན་བསྒར་ནས་སྡེ་མི་ཚོ་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད་ཅེས་བསྟོད་བསྔགས་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།