ཁུལ་སྲིད་གྲོས་ཀྱིས་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་བསྡུས།
《ཏང་སྲིད་མགོ་ཁྲིད་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་གྱི་ངོ་འཕྲད་གྲོས་མོལ་གཙོ་བོའི་སྒྲིག་སྲོལ》ཚོགས་འདུའི་སྟེང་། ཀྲུའུ་ཞི་ཚེ་རིང་གིས་གྲོས་མོལ་སྙན་ཞུ་བྱས་ཤིང་། ཀྲུའུ་ཞི་གཞོན་པ་ཅིན་ཡུང་ཅེ་ཡིས་ཚོགས་འདུའི་སྔོན་གྱི་བརྟག་དཔྱད་ཞིབ་འཇུག་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་གནང་། གུང་ཧོ་དང་། ཐུན་ཏེ་རྫོང་སྲིད་གཞུང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་འཕྲིན་ཅུས། ལྗང་མདོག་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་ཀྱིས་གཏམ་བཤད་བྱས་པ་དང་། ཚོགས་ཞུགས་མི་སྣས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་ཅིང་། ཐབས་ལམ་གསལ་ཞིང་གནད་ལ་འཁེལ་བའི་ངང་བསམ་བློ་བརྗེ་རེས་བྱས།
ཀརྨ་ཕུན་ཚོགས་ཀྱིས་ཁུལ་སྲིད་གྲོས་ཨུ་ཡོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེར་རྒྱས་མངོན་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་བྱེད་ཐབས་འདོན་སྤེལ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་བ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་མགོ་ཁྲིད་གཙོ་བོ་དང་སྲིད་གྲོས་ཨུ་ཡོན་གྱི་ངོ་འཕྲད་གྲོས་མོལ་གྲོས་གཞིའི་གདམས་བྱ་བཟང་ཞིང་། ལངས་ཕྱོགས་བརྟན་པ། གནད་དོན་གནད་ལ་འཁེལ་བས། མཚོ་ལྷའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འགག་རྩ་དམ་འཛིན་བྱས་ནས་སྲིད་གྲོས་ཨུ་ཡོན་གྱིས་མི་དམངས་དང་རྒྱལ་ཁབ་ལ་བཅངས་པའི་ལས་འགན་ཕྲག་ཏུ་བླངས་ཡོད་པ་ཤེས་ཐུབ། ཚོགས་ཞུགས་ཨུ་ཡོན་རྣམས་ཀྱིས་ནུས་གསོག་ཐོན་ལས་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་གཞིགས་ནས་དངོས་ཡོད་གནས་ཚུལ་གླེང་བ་དང་། རྒྱ་རྐྱེན་འཚོལ་བ། བསམ་ཚུལ་བཏོན་བཟང་བོ་བཏོན་ནས་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་སྤྱི་བསྡོམས་དམ་འཛིན་དང་ནན་ཏན་གྱིས་ཞིབ་འཇུག་བསྡུ་ལེན་བྱེད་པ། ཧུར་ཐག་གིས་གྲོས་མོལ་གྲུབ་འབྲས་དེ་ནུས་གསོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བསྒྱུར་དགོས་ཞེས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་ངང་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་བཀོད་སྒྲིག་བླང་བྱ་གཏིང་ཟབ་སྒོས་ལག་ལེན་དོན་འཁྱོལ་བྱས་ཤིང་། ནུས་ཁུངས་གཙང་མ་དེ་ཐོན་ལས་ཀྱི་བཟང་ཆར་བསྒྱུར་བར་སྐུལ་འདེད་གཏོང་བ། ཆུ་དང་རླུང་། འོད་དང་ས་དྲོད། གསོག་ནུས་བཅས་ཕྱོགས་ལྔ་གཞི་གཅིག་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས་ནས་དག་གཙང་ནུས་ཁུངས་ནི་མཚོ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདུང་མ་ལྟ་བུ་ཡིན་ཞེས་བསྟན།
ཀརྨ་ཕུན་ཚོགས་ཀྱིས་ནོར་འཁྲུལ་ཅན་ལྔ་ཡི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། ཁེ་ཕན་ཆེན་པོའི་རྒྱུ་རྐྱེན་དམ་པོར་བཟུང་ནས་བསྐྱར་བཤུ་དང་ཁྱབ་གདལ་གཏོང་ཐུབ་པའི་གསོག་ནུས་གོང་དུ་སྤེལ་བའི་མཚོ་ལྷོའི་དཔེ་དབྱིབས་ཤིག་ཆགས་པར་བྱ་དགོས། འཛམ་གླིང་གི་གསོག་ནུས་ཀྱིས་ཀྲུང་གོར་ལྟ་བ་དང་། ཀྲུང་གོའི་གསོག་འཇོག་ནུས་ཀྱིས་མཚོ་སྔོན་ལ་བལྟ་བ། མཚོ་སྔོན་གྱི་གསོག་ནུས་ཀྱིས་མཚོ་ལྷོར་བལྟ་བ་བཅས་ཀྱི་འཕེལ་རྒྱས་རྣམ་པ་བསྐྲུན་ནས་མཚོ་ལྷོར་རྐང་འཛུགས་པ་དང་། མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ཡོངས་ལ་སྣེ་ཁྲིད་བྱེད་པའི་གསོག་ནུས་ལག་བསྟར་དང་ཐོན་ལས་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་འགྱུར་བྱེད་པ། མཚོ་ལྷོ་འདི་ཉིད་འཛམ་གླིང་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་དང་། ལག་རྩལ་སྔོན་ཐོན་ཡིན་པ། ཉེར་སྤྱོད་ཕན་འབྲས་ཆེས་བཟང་བ་བཅས་ཀྱི་སྣ་མང་གསོག་ནུས་སྔོན་བསྐྱོད་དཔེ་སྟོན་ཁུལ་ཞིག་ཏུ་བསྐྲུན་གང་ཐུབ་བྱ་དགོས། གཅིག་ནས་སྣ་མང་གསོག་ནུས་མ་ལག་འཛུགས་སྐྲུན་བྱས་ཏེ། རང་ཁུལ་གྱི་ཐོན་ཁུངས་དང་ལས་གཞི་བཟང་བོར་དམིགས་ནས་ཆུ་འདྲེན་ནུས་གསོག ཆིན་བཟོའི་གསོག་ནུས། ཆུ་གསོག་བཟོ་གྲྭ། གློག་ནུས་གསོག་ཚད། མཁའ་རླུང་གནོན་བཙིར་དང་མིན་གསོག་ནུས་གསར་པ་གཞན་དག་བཀོད་སྒྲིག་བྱས་ཏེ། འཛམ་གླིང་ཡོངས་ཀྱི་སྔོན་ལ་སླེབས་པའི་སྣ་མང་གསོག་ནུས་མ་ལག་འཛུགས་པར་ཤུགས་བརྒྱབ་ནས་རང་སྐྱོང་ཁུལ་གྱི་རྣམ་པ་གསར་བའི་གསོག་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་གསོག་ནུས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྤྱི་བའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་གླིང་ཁུལ་དང་། ཐུན་ཏེ་ཡི་ཆུ་འོད་གཅིག་འདུས་ཅན་གྱི་གླིང་ཁུལ། ཀོས་ནན་གྱི་མཛེས་ལྗོངས་གསོག་འཇོག་དཔེ་སྟོན་ཁུལ། ཞིན་ཧེའི་ཆུ་རླུང་མཛེས་ལྗོངས་བཅས་གཞི་གཅིག་ཅན་གྱི་རྨང་གཞིའི་སྟེང་། གཞི་ཁྱོན་ཆེ་བའི་གློག་གསོག་ནུས་པའི་དཔེ་སྟོན་ར་བ་དང་། སྣ་མང་ཅན་གྱི་གསོག་ནུས་བེད་སྤྱོད་བྱེད་པའི་གླིང་ཁུལ་ཇེ་མང་དུ་གཏོང་བ། ནུས་ཁུངས་གཙང་མའི་གཞི་ཁྱོན་ཅན་དང་གནས་གཞི་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་སྣ་མང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ལྗང་མདོག་བགྲོད་ལམ་བཏོད་དེ 2025 ལོའི་གསོག་ནུས་ལས་གཞི་སྔོན་ལ་ཇུས་འགོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་གསོག་ནུས་འཕེལ་རྒྱས་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། གོང་རིམ་དང་འབྲེལ་མཐུད་ཡོང་བར་བརྩོན་ལེན་བྱས་ནས་སྲིད་ཇུས་དང་། ལས་གཞི། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཚོང་འདྲེན་དངུལ་འགུག་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། གསོག་འཇོག་བྱེད་ནུས་སྔར་ལས་མང་བའི་ཁེ་ལས་ཀྱི་མཚོ་ལྷོ་འཛུགས་པར་བརྩོན་ལེན་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་གསོག་ནུས་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚེ་རིང་གིས་སྤྱི་བསྡོམ་གསུང་བཤད་གནང་སྐབས་གསོག་ནུས་འཕེལ་རྒྱས་ཀྱི་དུས་བབ་དང་དམ་འཛིན་དང་ཐོན་ལས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། སྲིད་གྲོས་གྲོས་རྩ་འཛུགས་ཀྱིས་ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱི་གསུང་བཤད་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།
ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཀེ་ལན་དང་། ཅིན་ཡུང་ཅེ། བསོད་ནམས་སྐྱིད། ཀུན་བཟང་པདྨ་རྣམ་རྒྱལ། ཧོ་ཆིན་བཅས་དང་།ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོའམ་གཞུང་ལས་ཁང་གི་ཀྲུའུ་རེན་ལིག་སི་ཧུང་། ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོའམ་གཞུང་ལས་ཁང་གི་ཀྲུའུ་རེན་སང་ཁྲིན་ཡུས། ཁུལ་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཁུལ་སྲིད་གྲོས་ཨུ་ཡོན་ཁག་ཅིག་དང་གུང་ཧོ་དང་ཐུན་ཏེ་རྫོང་སྲིད་གཞུང་། ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། བཟོ་འཕྲིན་ཅུས། ལྗང་མདོག་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས། རྫོང་སོ་སོའི་སྲིད་གྲོས་དང་ཁུལ་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གཞན་དག་དང་། གྲོས་མོལ་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།