ཞིང་ཆེན་དོ་ཁུར་ཨུ་ལྷན་གྱིས་སྒྲོག་འགྲེལ་བྱེད་སྒོ་སྤེལ།

时事   2024-11-05 18:57   青海  


སློབ་མ་དག་གིས་མི་རིགས་མཐུན་སྒྲིལ་དང་།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་།ཁྲིམས་ལུགས་ཤེས་བྱ་བཅས་ལ་ངོས་འཛིན་གཏིང་ཟབ་བྱ་ཆེད།  ཉེ་ཆར།  ཞིང་ཆེན་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་གཅེས་སྐྱོང་ཚོགས་པས་ཀོས་ནན་རྫོང་མི་རིགས་སློབ་འབྲིང་དང་། རྫོང་སློབ་འབྲིང་། རྫོང་མི་རིགས་སློབ་འབྲིང་གཉིས་པ་བཅས་སུ་འཆད་ཁྲིད་བྱས།    

འཆད་ཁྲིད་སྐབས་འཆད་ཁྲིད་དགེ་རྒན་གཉིས་པོས་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་གལ་ཆེན་ནས་མགོ་བཙུགས་ཏེ་གསོན་ཉམས་དོད་པའི་དཔེ་མཚོན་རེ་རེ་བཞིན་ལ་བརྟེན་ནས་མི་རིགས་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་འབྲེལ་བ་ཟབ་མོ་རྒྱས་བཤད་བྱས་པ་དང་འབྲེལ་སློབ་མ་ཚོར་མི་རིགས་མི་འདྲ་བའི་རིག་གནས་ཀྱི་གོམས་སྲོལ་ལ་བརྩི་འཇོག་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས།   

 སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་མིག་སྔའི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ངོ་སྤྲོད་ཞིབ་མོ་བྱས་ཏེ། མིའི་རིགས་ཀྱི་བྱེད་སྒོས་ཁོར་ཡུག་ལ་བཟོས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་དང་། སློབ་མ་ཚོས་རྒྱུན་གཏན་འཚོ་བའི་ཁྲོད་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ལག་ལེན་བསྟར་བའི་དགོས་ངེས་རང་བཞིན་དང་བྱེད་ཐབས། ཐོན་ཁུངས་གྲོན་ཆུང་དང་ཐཱན་ཉུང་འགྲོ་སྐྱོད་སོགས་ཐད་ནས་ཞིབ་བརྗོད་བྱས།  

གཞོན་ནུ་ལོ་ཆུང་གི་ཁྲིམས་ལུགས་ཐད་ནས་དེང་སྐབས་ས་གནས་ཁག་གི་སློབ་གྲྭར་ཐོན་པའི་དོན་དངོས་ཀྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་དོན་སྙིང་ཟབ་ལ་གོ་བདེ་བའི་སྒོ་ནས་གཞོན་ནུ་ལོ་ཆུང་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། དྲ་རྒྱའི་བདེ་འཇགས་སོགས་ཀྱི་གླེང་མང་བའི་གནད་དོན་ལ་འགྲེལ་བཤད་བརྒྱབ་ནས་སློབ་མ་ཚོར་ཁྲིམས་ཤེས་པ་དང་།ཁྲིམས་སྲུང་བ།ཁྲིམས་སྤྱོད་པ་བཅས་བྱས་ཏེ་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པར་དྲན་སྐུལ་བྱས་པ་རེད།    

ཐེངས་འདིའི་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་དམིགས་སའི་རང་བཞིན་ཆེ་བས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད།འཆད་ཁྲིད་ཀྱིས་སློབ་མ་ཚོའི་ཤེས་རྒྱ་ཆེ་རུ་ཕྱིན་པ་མ་ཟད། སློབ་མ་ཚོའི་སེམས་ལ་མི་རིགས་མཐུན་སྒྲིལ་དང་། སྐྱེ་ཁམས་ཤེས་དཔལ། ཁྲིམས་ལུགས་ཀྱི་འདུ་ཤེས་བཅས་ཀྱི་ས་བོན་བཏབ་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་གཞོན་ནུ་གསོ་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།    
               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 


贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章