མར་ཁུ་ཐང་སྡེ་བའི་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་བའི་མཛད་སྒོ་བསྡུས།

时事   2024-11-01 21:54   青海  
ཉེ་ཆར། མང་ར་ང་མར་ཁུ་ཐང་སྡེ་བའི་མཉམ་ལས་ཁང་གིས2024ལོའི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ཏེ། ཁྱིམ་ཚང114ཡི་སྡེ་དམངས་དག་མཉམ་དུ་འཛོམས་ནས་གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཐུན་མོང་ཐོག་བདེན་དཔང་བྱས་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་བདེ་སྐྱིད་དང་ཁེ་ཕན་ཐུན་མོང་གིས་ལོངས་སྤྱོད་བྱེད་ཀྱིན་ཡོད།    

ཁེ་སྤོགས་བགོ་བའི་ཚོགས་ཆེན་ཐོག་མར་ཁུ་ཐང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་རྒྱ་མཚོས2024ལོའི་ལོ་འཁོར་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཏོང་ཡོང་གནས་ཚུལ་ངོ་སྤྲོད་དང་ཁེ་སྤོགས་བགོ་བའི་ཇུས་གཞི་གསལ་སྒྲོག་བྱས་ཤིང་། སྡེ་བ་ཡོངས་ཀྱི་མི449ལ་ཁྱོན་ཁེ་སྤོགས་སྒོར་འབུམ་གཅིག་དང་ཁྲི་དགུ་སྟོང་བརྒྱད་ལྷག་ཙམ་བགོས་པ་དང་། ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་འཕེལ་རྒྱས་སྐོར་གྱི་གཏམ་གླེང་བྱེད་ཀྱིན་མི་རེ་རེའི་གདོང་ལ་དགའ་སྤྲོའི་ཉམས་ཀྱིས་ཕྱུག་ནས་ཡོད། 

མང་ར་ཞང་མར་ཁུ་ཐང་སྡེ་བའི་སྡེ་མི་བསྟན་འཛིན་གྲགས་པས་བཤད་རྒྱུར།དེ་རིང་ངེད་ཚང་ལ་ལུག2དང་སྒོར800བགོས་བྱུང་། ཁེ་སྤོགས་འདི་ལོ་རེ་བཞིན་ཡོད་པས་སྡེ་དམངས་དག་ལ་མཚོན་ན་དེ་དག་ནི་འཚོ་བའི་ཁ་གསབ་བཟང་བོ་ཞིག་ཡིན་པས་ངོ་མ་ཅིག་བཟང་ཟེར། 

ཐེངས་འདིའི་ཁེ་སྤོགས་བགོ་བཤའ་ནི་འབའ་ལག་ཐང་གི་རྨོ་ཞིང་མ་རྐང་ནང་བཞག་ཡོད་པ་དང་། རྩྭ་ས་དང་གཟན་ཆས་བཞག་པ། སྡེ་མིས་གསོ་སྤེལ་བྱས་པ་བཅས་ལ་གཞིགས་ནས་བགོས་པ་རེད། ཁེ་སྤོགས་བགོ་བཤའ་དེ་ནི་དཔལ་འབྱོར་ཐད་ཀྱི་ཐོབ་ཆ་ཞིག་ཡིན་པ་མ་ཟད། དམངས་འཚོ་ལེགས་སུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པའི་འབྲས་བུ་རེད། རྒྱུས་ལོན་པ་ལྟར་ན། 2022ལོའི་ཚུན་དུ་མང་ར་ཞང་མར་ཁུ་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་འབུམ་གསུམ་ཁྲི་གསུམ་ལྷག་ཙམ་ཟིན་ཡོད།  

མང་ར་ང་མར་ཁུ་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་རྒྱ་མཚོས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། དེ་རིང་ང་ཚོས་ཁེ་སྤོགས་བགོ་བཤའ་བརྒྱབ་པ་ཡིན། ཐེངས་འདིར་ཁེ་སྤོགས་སྒོར་འབུམ་གཅིག་དང་ཁྲི་དགུ་སྟོང་བརྒྱད་ལྷག་ཙམ་བགོས་ཤིང་སྡེ་མི་ཡོངས་ལ་སྐལ་ཡོད། ཐེངས་འདིའི་ཁེ་སྤོགས་བགོས་པ་འདིས་སྡེ་མི་དག་གི་མུ་མཐུད་དུ་མཉམ་ལས་ལ་འབད་པ་བྱེད་པར་ཡིད་ཆེས་ཆེན་པོ་བསྣན་ཡོད་ཟེར།
               

རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章