ཀརྨ་ཕུན་ཚོགས་ཀྱིས་ཞིན་ཧེ་རྫོང་དུ་རྟོག་ཞིབ་བྱེད་སྐབས“རྒྱལ་དོན་སེམས་སུ་ཉར”བ་དང་། ཆབ་སྲིད་ལས་འགན་ཕྲག་ཏུ་བླངས་ཏེ་རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཟླ10པའི་ཚེས29ཉིན་ནས་ཚེས30ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀརྨ་ཕུན་ཚོགས་ཞིན་ཧེ་རྫོང་དུ་རྟོག་ཞིབ་བྱེད་པར་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་དགོས་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་བཅངས་ནས་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་འཛུགས་པ། སྲུང་སྐྱོང་དང་འཕེལ་རྒྱས་མཉམ་དུ་རྒྱུན་འཁྱོངས་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ཀརྨ་ཕུན་ཚོགས་དཔལ་ཁ་གྲོང་རྡལ་ཨ་ཚོགས་དགོན་པའི་སྐབས་ཐོག་བཀོད་སྒྲིག་ས་ཚིགས་སུ་ཕེབས་ནས་དགེ་འདུན་པའི་འཐུས་མི་དང་དགོན་སྡེའི་བཅའ་སྡོད་ལས་བྱེད་པར་བསམ་བློ་བརྗེ་རེས་བྱས་ནས་དགོན་པའི་དོ་དམ་དང་དགེ་འདུན་པའི་འཚོ་བའི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་གནང་། ཁོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། 《མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་གྱི་སྲོལ་ཡིག》ལག་ལེན་དོན་འཁྱོལ་བཟང་བོ་བྱས་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་མཐུན་ཡོང་བར་སྣེ་ཁྲིད་བཟང་བོ་བྱེད་པ། དགོན་སྡེ་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་པ་བསྟན། ཆོས་རྗེ་ཆུ་མཛོད་ཀྱི་ཡུལ་དངོས་སུ་ཀརྨ་ཕུན་ཚོགས་ཀྱིས་ཆུ་མཛོད་ཀྱི་ནུས་བསྐྱེད་བྱ་བའི་སྔོན་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་སྟེ། འཆར་འགོད་འབུར་དུ་ཐོན་པ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ལོག་སྔོན་འགོག་དང་། སྐྱེ་ཁམས། ཆུ་འདྲེན། ཆུ་འདོན་སོགས་ཀྱི་དགོས་མཁོ་ཟུང་འབྲེལ་བྱས་ཏེ་དུས་མགོའི་ཞིབ་འཇུག་ཁུངས་སྐྱེལ་གྱི་བྱ་བ་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱས་ཏེ་བཟོ་སྐྲུན་ལས་ཀ་སྔ་མོ་ནས་མགོ་རྩོམ་དགོས་པ་ནན་གྱིས་བསྟན།
ཆུ་སྔོན་གྲོང་རྡལ་མོ་རྡོ་སྡེ་བ་རུ་ཀརྨ་ཕུན་ཚོགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལས་གཞིའི་ཐོན་སྐྱེད་ཕྱིར་ཚོང་གི་གནས་ཚུལ་ལ་ནན་ཏན་གྱིས་རྒྱུས་ལོན་གནང་ཞིང་། ལས་གཞི་ཡིས་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ཁས་ལེན་གནང་། ཁོང་གིས་ཞིང་ལས་མཉམ་འབྲེལ་ཁུལ་གྱི་ཞིང་བའི་ཁེ་ཕན་ཟུང་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཡུལ་བབ་དང་མཐུན་པའི་ཁྱད་ཆོས་ལྡན་པའི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་ལ་སྣེ་ཁྲིད་དང་། གྲོང་གསེབ་དར་སྤེལ་ལ་ཁག་ཐེག་བཟང་བོ་བྱ་དགོས་ཞེས་ནན་གྱིས་བསྟན། ཀརྨ་ཕུན་ཚོགས་ཀྱིས་ཚོགས་ཀྱིས་ཐང་ནག་ཞང་སྡེ་བ་ཞོལ་མའི་གནས་སྤོར་ཡུལ་མི་བཀོད་སྒྲིག་བྱ་ཡུལ་དུ་སྤྱིའི་འཆར་འགོད་དང་། མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་གནས་ཚུལ་བཅས་ལ་ཞིབ་འདྲི་གནང་ནས་འདུ་ཤེས་བཟང་བོ་ཇེ་བརྟན་དུ་བཏང་སྟེ། དཔེ་གཞིའི་བཟོ་སྐྲུན་འཛུགས་སྐྲུན་དང་། གནས་སྤར་མང་ཚོགས་ཀྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གནས་སྤོར་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པ་ལ་ཁག་ཐེག་བཟང་བོ་བྱ་དགོས་པ་ནན་གྱིས་བསྟན།
ཆུ་སྔོན་གྲོང་རྡལ་གྱི་གད་སྙིགས་གཙང་དག་བྱེད་ས་དང་། ལུང་བཟང་ཤང་བར་གྱི་གཞུང་ལམ་ལས་གཞིའི་ས་ཚིགས་སུ་ཀརྨ་ཕུན་ཚོགས་ཀྱིས་ཡུལ་དངོས་སུ་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དང་། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཁོར་ཡུག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་ཁ་གསབ་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སྣ་ཚོགས་རྩ་བ་ནས་ཐག་གཅོད་བྱེད་དགོས། ། སྐྱེ་ཁམས་དམིགས་སུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཆུ་ཚད་མཐོན་པོའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པོ་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།