རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།
ཟླ10བའི་ཚེས30ཉིན། རང་ཁུལ་གྱིས་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྣེ་ཁྲིད་གཞི་རིམ་བཅོས་སྐྱོང་མཐུན་སྦྱོར་ལམ་སྲོལ་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། 《མཚོ་ལྷོ་ཁུལ་གྱིས〈གཞི་རིམ་བཅོས་སྐྱོང་གི"ནུས་མེད་དོན་ཆེན་སྒྲུབ་པའི"གནད་དོན་སེལ་བའི་བྱ་ཐབས28〉གྱི་ལས་འགན་གསལ་ཐོ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར》ལ་གྲོས་ཞིབ་བྱས་པ་དང་། རྫོང་ཁག་སོ་སོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོས་ཉམས་མྱོང་བརྗེ་རེས་བྱས།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་མཐུན་སྦྱོར་ལམ་སྲོལ་གྱི་སྤྱི་བསྡོམས་པ་ཝང་ཀྲུང་དབྱི་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་།
ཚོགས་འདུ་ལས་གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན་པ་དང་ཏང་གི་མགོ་ཁྲིད་ནི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་རྩ་བའི་འགན་ལེན་ཞིག་ཡིན་ལ། ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྫོང་སོ་སོ་དང་སྡེ་ཁག་སོ་སོས་ཏང་འཛུགས་སྐྱོང་གི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། གཞི་རིམ་དམ་འཛིན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། ཞིང་ཆེན་དང་ཁུལ་ཨུས་བཀོད་སྒྲིག་བྱས་བའི་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།
ཚོགས་འདུ་ལས་ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་གྱི་སྡེ་ཁུལ་དང་གཞིས་ཁུལ། ཞིང་སྡེ་དང་འབྲོག་ཁུལ་གྱི་གཞི་རྩའི་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས། འཛུགས་སྐྱོང་ནན་མོ་དང་སྒྲིག་སྲོལ་ཁ་གསལ་ཡོང་བར་བྱེད་པ། སྒྲིག་བཀོད་ཚད་ལྡན་ཅན་དང་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཏེ། སྤྱི་ཚོགས་བྱ་བའི་ཁྱབ་ཁོངས་ཀྱི་ཏང་གི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་གསར་པ་གསུམ་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་བྱ་བར་ཤུགས་སྣོན་བྱས་ནས། མཉམ་སྐྲུན་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱ་དགོས། གཞི་རིམ་ལས་བྱེད་པའི་དཔུང་ཁག་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ཤང་དང་གྲོང་རྡལ་གྱི་སྒྲིག་གཞིའི་སྒྲིག་ཁོངས་དོ་དམ་ལ་ཤུགས་སྣོན་པ། སྒྲིག་ཁོངས་ཐོན་ཁུངས་གཞི་རིམ་དུ་འགྲོ་བར་སྐུལ་འདེད་གཏོང་བ། ཤང་དང་གྲོང་རྡལ་གྱི་ལས་བྱེད་པའི་ཐོབ་ཐང་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱ་དགོས། གཞི་རིམ་བཅོས་སྐྱོང་ནུས་པའི་ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ། གཞི་རིམ་སྣེ་ཁྲིད་པ་དང་མི་སྣ་ལེགས་འདེམས་བྱས་ནས་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཐད་ཀར་འབྲེལ་གཏུག་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། གཞི་རིམ་དུ་སྐྱོད་པ་བཞིའི་ལམ་ལུགས་དོན་འཁྱོལ་བྱ་དགོས། སློབ་ཆེན་སློབ་མ་སྡེ་བར་ཡོང་ནས་ལས་འགན་འཁུར་བའི་བྱ་ཐབས་ལག་བསྟར་བྱས་ཏེ། སྡེ་བའི་ཨུ་ཡོན་གཉིས་ཀྱི་ཚན་ཁག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྔར་ཡོད་ཀྱི་ལམ་ལུགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་ས་གནས་ཅན་གྱི་མཉམ་འགོག་དང་མཉམ་བཅོས་ཀྱི་དཔུང་ཁག་གསོ་སྐྱོང་བྱས་ཏེ། སྒྲིག་གཞི་སྣ་མང་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། མངག་གཏོང་ལས་ཁུངས་ཀྱི་གཅིག་སྦྲེལ་གཉིས་རོགས་ཀྱི་བྱ་བའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། བྱ་བའི་ལམ་སྲོལ་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། དམངས་ཀྱི་ཞུ་གཏུག་འཕྲལ་མར་ཐག་གཅོད་བྱེད་པ་སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ནས། མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་བྱ་བའི་རྣམ་པ་གསར་པ་ཞིག་ཆགས་པར་བྱ་དགོས། གཙོ་གནད་ལས་འགན་སོ་སོ་དམ་འཛིན་བྱེད་པ་དང་། ནུས་མེད་དོན་ཆེན་སྒྲུབ་པའི་གནད་དོན་ཐག་གཅོད་བྱེད་པ། ཤང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་བྱ་བའི་གསལ་ཐོ་བཟོས་ཏེ་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་སྔར་ལས་མང་པོ་གཞི་རིམ་དུ་སྤོ་བར་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་གཅིག་ཅན་དྲུག་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། སྡེ་བའི་ཏང་རྩ་འཛུགས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྡེ་བའི་ཏང་རྩ་འཛུགས་དེ་སྲ་བརྟན་ཡོང་བར་བྱ་དགོས། ཚོགས་འདུ་ལས་མཐུན་སྦྱོར་ལམ་སྲོལ་གྱི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་བྱ་བ་སྤྱིའི་ཇུས་འགོད་དང་། མཐུན་སྦྱོར་ལམ་སྲོལ་གཞུང་སྒྲུབ་ཁང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ལྟ་སྐུལ། ཞིབ་བཤེར། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མཐུན་སྦྱོར་ལམ་སྲོལ་རྒྱུན་ལྡན་ཅན་དུ་གཏོང་བར་སྐུལ་འདེད་གཏོང་དགོས། 《མཚོ་ལྷོ་ཁུལ་གྱིས〈གཞི་རིམ་བཅོས་སྐྱོང་གི"ནུས་མེད་དོན་ཆེན་སྒྲུབ་པའི"གནད་དོན་སེལ་བའི་བྱ་ཐབས28〉གྱི་ལས་འགན་གསལ་ཐོ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར》ལག་བསྟར་དོན་འཁྱོལ་བྱས་ཏེ། སྣེ་ཁྲིད་ཚན་པ་ཁག་གིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁོངས་མིའི་ཚན་ཁག་སོ་སོ་དང་རྫོང་ཁག་སོ་སོས་ལས་འགན་ཁག་བགོས་བྱས་ཏེ། ལས་གནས་གཞོགས་འདེགས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དོན་སྙིང་གལ་ཆེན་དང་ཉམས་མྱོང་། བྱེད་ཐབས། སྔོན་ཐོན་དཔེ་མཚོན་བཅས་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ། ཐུན་མོང་ཐོག་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཡོང་ཁུངས། མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།