དྲོད་སྙོམས། གནས་འདིར་དུས་བཞིའི་དྲོ་གྲང་དཔྱིད་དང་མཚུངས།
1902ལོར། ཨ་རིའི་གསར་གཏོད་མཁན་པོ་ཁའེ་ལིས་མིང་དོན་མཚུངས་པའི་དྲོད་སྙོམས་ཨང་དང་པོ་ཇུས་འགོད་བྱས་ཐོག་སྒྲིག་སྦྱོར་བྱས། ཡིན་ནའང་དེ་ནི་འཕྲུལ་འཁོར་ལ“ལོངས་སུ་སྤྱོད་དུ་འཇུག་པ”ལས་འགྲོ་བ་མི་ལ་ནི་མིན། དུས་ད་ལྟ་འུ་ཅག་ཁྱིམ་དུ་བསྡད་དེ་དྲོད་སྙོམས་ཀྱིས་དགུན་དྲོ་དབྱར་བསིལ་བཟོས་པའི་འཚོ་བ་ལོངས་སུ་སྤྱོད་པའི་དུས་སུ། བགྲང་བྱ་ཆིག་བརྒྱའི་ཡར་སྔོན་གྱི“གྲང་བཟོའི་ཡབ་ཆེན”ཞེས་པའི་མཚན་སྙན་ཅན་ཝེ་ལི་སི·ཁའེ་ལི་ལ་ཐུགས་རྗེ་ཆེ་ཞུ་རྒྱུའང་བརྗེད་མི་ཉན་ནོ། །
1901ལོའི་དབྱར་ཁར། ཨ་རིའི་ཉིག་ཡོག་ས་ཆའི་མཁའ་རླུང་ནི་ཚ་ཞིང་བཞའ་བརླན་ཆེ་བ་ཞིག་ཡིན་ལ། པུའུ་ལུའུ་ཁི་ལིན་ཁུལ་ན་ཡོད་པའི་སཱ་ཁི་ཐི·ཝེ་ལེན་སི་པར་འདེབས་དཔེ་སྐྲུན་སྤྱི་གཉེར་ཁང་ལ་མཁའ་རླུང་བཞའ་བརླན་ཆེ་བའི་རྐྱེན་གྱིས་ཐོན་སྐྱེད་ལ་གནོད་པ་ཆེན་པོ་ཐེབས་པ་སྟེ། སྣུམ་སྣག་དུས་ནམ་ཡིན་ཡང་སྲད་རྒྱུ་མེད་པ་དང་། བཞའ་བརླན་ཆེ་བའི་རྐྱེན་གྱིས་ཤོག་བུ་ལ་ཆེ་ཆུང་ཤོར་གྱིན་འདུག་པས། དཔར་ཟིན་པའི་ཡི་གེ་ནི་མག་མོག་རབ་རིབ་ཡིན་པ་རེད། དེའི་རྐྱེན་གྱིས་པར་འདེབས་དཔེ་སྐྲུན་སྤྱི་གཉེར་ཁང་གིས་མ་ཧེ་སྤྱི་གཉེར་ཁང་བཙལ་ནས་མཁའ་རླུང་གི་དྲོད་ཚད་དང་བརླན་ཚད་ཚད་སྙོམ་བྱེད་ཐུབ་པའི་སྒྲིག་ཆས་ཤིག་ལག་ཏུ་རེག་ཐབས་བྱས།
ཁའེ་ལི་སྤྱི་གཉེར་ཁང་གིས་ཐོན་སྐྱེད་བགྱིས་པའིThinline DTདྲོད་ཚད་སྣ་ཁ་གཉིས་ཅན་གྱི་གྲང་ཉར་དོས་སྒམ་གསར་ཤོས་འདིས། དོས་སྒམ་གཅིག་གི་ནང་དུ་གྲང་ཉར་གྱི་ཚོང་ཟོང་དང་ཚོང་ཟོང་ཁེངས་པོ་མཉམ་འཇོག་བྱེད་པའི་གནད་དོན་ཐག་བཅད་པ་རེད།
(སྒྲོ་དཔལ་ཆེན་རྒྱལ་གྱིས་བསྒྱུར།)
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།