དངོས་གཞིའི་ཚན་ཁག་དང་ཆེད་སྦྱོང་ཚན་ཁག་གི་སློབ་མ། ཞིབ་འཇུག་སློབ་མ་བཅས་སྦྱངས་འབྲས་ལེགས་ཐོན་ཅན་ལ་སྤྲོད་བཞིན་ཡོད་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་དེ་ལྡབ་གཅིག་འཕར་རྒྱུ་དང་། མཐོ་རིམ་སློབ་འབྲིང་ལ་སྤྲོད་བཞིན་ཡོད་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཚད་གཞི་ཡང་མཐོ་རུ་གཏང་རྒྱུ་རེད། རང་རྒྱལ་གྱིས་མཐོ་རིམ་སློབ་གསོའི་སྐབས་དང་མཐོ་རིམ་སློབ་འབྲིང་སྐབས་ཀྱི་སྦྱངས་འབྲས་ལེགས་ཐོན་ཅན་ལ་སྤྲོད་བཞིན་ཡོད་པའི་རྒྱལ་ཁབ་ཀྱི་བྱ་དགའི་རོགས་དངུལ་སྤྲོད་པའི་སྲིད་ཇུས་ལེགས་སྒྲིག་བྱས་ནས། ཚད་གཞི་མཐོ་རུ་གཏོང་བ་དང་ཁྱབ་རྒྱ་ཆེ་རུ་བཏང་ནས་སློབ་མ་མང་པོ་ཞིག་རོགས་དངུལ་སྲིད་ཇུས་ཀྱི་ཕན་པ་ཐོབ་ཏུ་འཇུག་རྒྱུ་རེད།
ཟླ་༡༠པའི་ཚེས་༢༩ཉིན། ནོར་སྲིད་པུའུ་དང་། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་བཀྲམས་པའི་བརྡ་ཐོའི་ནང་དོན་ལྟར་ན། གོང་གསལ་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་གཏན་འཁེལ་ཁ་གསལ་བྱུང་འདུག
本专科生、研究生国家奖学金奖励名额翻倍,提高高中阶段国家助学金资助标准……我国将调整高等教育阶段和高中阶段国家奖助学金政策,统筹考虑提标和扩面,让更多学生享受资助政策调整红利。
财政部、教育部、人力资源社会保障部10月29日对外发布通知,明确了上述政策安排。
དེ་ཡང་ཞིང་ཕྲ་བཤད་ན། མཐོ་རིམ་སློབ་གསོའི་སྐབས་སུ་སྦྱངས་འབྲས་ལེགས་ཐོན་ཅན་ལ་རྒྱལ་ཁབ་ཀྱི་བྱ་དགའི་དངུལ་དང་རོགས་སྐྱོར་སློབ་དངུལ་སྤྲོད་རྒྱུའི་ཁ་གྲངས་མང་རུ་གཏང་རྒྱུ། ༢༠༢༤ལོ་ནས་བཟུང་། དངོས་གཞིའི་ཚན་ཁག་གི་སློབ་མར་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་ཅན་གྱི་བྱ་དགའི་དངུལ་སྤྲོད་པའི་མི་གྲངས་དེ་ལོ་རེར་ཁྲི་༦ནས་ཁྲི་༡༢བར་མང་དུ་གཏང་རྒྱུ་དང་། བྱ་དགའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་༨༠༠༠ནས་སྒོར་༡༠༠༠༠བར་མང་དུ་གཏང་རྒྱུ། ༢༠༢༤ལོ་ནས་བཟུང་། ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་གྱི་མི་གྲངས་ལོ་རེར་ཁྲི་༤.༥ནས་ཁྲི་༩བར་མང་དུ་གཏང་རྒྱུ་དང་། ༢༠༢༤ལོ་ནས་བཟུང་། དངོས་གཞིའི་ཚན་ཁག་གི་སློབ་མའི་རྒྱལ་ཁབ་ཀྱི་སྐུལ་ལྕག་བྱ་དགའི་དངུལ་གྱི་བྱ་དགའི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་༥༠༠༠ནས་སྒོར་༦༠༠༠བར་མཐོ་རུ་གཏང་རྒྱུ་རེད། ༢༠༢༤ལོའི་སྟོན་དུས་སློབ་འགོ་ཚུགས་པ་ནས་བཟུང་། དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཆ་སྙོམས་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་༣༣༠༠ནས་སྒོར་༣༧༠༠བར་མཐོ་རུ་གཏང་རྒྱུ། ༢༠༢༥ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་ཀྲུང་དབྱང་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་སྦྱངས་འབྲས་ལེགས་ཐོན་ཅན་ལ་སྤྲོད་རྒྱུའི་བྱ་དགའི་དངུལ་གྱི་རྒྱབ་སྐྱོར་ཚད་གཞི་མཐོ་རུ་གཏང་རྒྱུ་ཡིན་ཞིང་། དེའི་ནང་རབ་འབྱམས་སློབ་མར་རེར་ལོ་རེར་སྒོར་༨༠༠༠ནས་སྒོར་༡༠༠༠༠བར་མཐོ་རུ་གཏང་རྒྱུ་དང་། འབུམ་རམས་སློབ་མ་རེར་ལོ་རེར་སྒོར་༡༠༠༠༠ནས་སྒོར་༡༢༠༠༠བར་མཐོ་རུ་གཏང་རྒྱུ་རེད། ས་གནས་ཁག་གིས་དངོས་ཡོད་ཀྱི་གནས་ཚུལ་གཞིར་བཟུང་ནས་ས་གནས་ནོར་སྲིད་ཀྱིས་ཁོངས་གཏོགས་ཀྱི་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མ་སྦྱངས་འབྲས་ལེགས་ཐོན་ཅན་ལ་བྱ་དགའི་དངུལ་སྤྲོད་པའི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏང་དགོས།
具体来看,在高等教育阶段,增加高校国家奖学金名额,提高奖助学金标准。从2024年起,将本专科生国家奖学金奖励名额由每年6万名增加到12万名,奖励标准由每生每年8000元提高到10000元。从2024年起,将研究生国家奖学金奖励名额由每年4.5万名增加到9万名。从2024年起,将本专科生国家励志奖学金奖励标准由每生每年5000元提高到6000元。从2024年秋季学期起,将本专科生国家助学金平均资助标准由每生每年3300元提高到3700元。从2025年起,提高中央高校研究生学业奖学金中央财政支持标准,其中,硕士生由每生每年8000元提高到10000元,博士生由每生每年10000元提高到12000元;各地可结合实际,完善地方财政对所属高校研究生学业奖学金的支持政策。
མཐོ་འབྲིང་སློབ་གསོའི་སྐབས་སུ། མཐོ་འབྲིང་སློབ་མར་སྤྲོད་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཚད་གཞི་ཇེ་མཐོར་གཏང་རྒྱུ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཁེབས་རྒྱ་ཇེ་ཆེར་གཏང་རྒྱུ། ༢༠༢༥ལོའི་དཔྱིད་ཀའི་སློབ་འགོ་ཚུགས་པ་ནས་བཟུང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཆ་སྙོམས་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་༢༠༠༠ནས་སྒོར་༢༣༠༠བར་མཐོ་རུ་གཏང་རྒྱུ་དང་། ༢༠༢༥ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པ་ནས་བཟུང་། ཆ་རྐྱེན་དང་མཐུན་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ལོ་རིམ་གསུམ་པའི་སློབ་མ་རྣམས་རྒྱལ་ཁབ་ཀྱི་རོགས་སྐྱོར་སློབ་དངུལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་དང་། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་གྱི་ཆ་སྙོམས་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་༢༠༠༠ནས་སྒོར་༢༣༠༠བར་མཐོ་རུ་གཏང་རྒྱུ།
在高中教育阶段,提高高中阶段国家助学金资助标准,扩大中等职业学校国家助学金覆盖面。从2025年春季学期起,将普通高中国家助学金平均资助标准由每生每年2000元提高到2300元。从2025年春季学期起,将符合条件的中等职业学校全日制三年级在校学生纳入国家助学金资助范围,中等职业学校国家助学金平均资助标准由每生每年2000元提高到2300元。
གོང་གསལ་གྱི་ལས་ཁུངས་གསུམ་གྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་སློབ་མའི་རོགས་སྐྱོར་སྲིད་ཇུས་ལེགས་སྒྲིག་བྱས་པ་བརྒྱུད། ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད་པ་དང་། སློབ་མའི་ཁ་གྲངས་ཀྱང་དེ་བས་མང་དུ་ཕྱིན་ཡོད་ལ། ཤེས་ལྡན་མི་སྣ་རྩེར་སོན་དང་དགོས་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད། ལྷག་པར་དུ་ཁྱིམ་ཚང་དབུལ་པོའི་སློབ་མའི་དཀའ་ངལ་སེལ་ནས་སློབ་གྲྭར་འགྲོ་ཐུབ་པ་དང་སློབ་སྦྱོང་ལེགས་གྲུབ་ཡོང་རྒྱུར་སྔར་བས་འགན་ལེན་ཡག་པོ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྲིད་ཇུས་ལེགས་སྒྲིག་ལ་མཁོ་བའི་མ་དངུལ་འདི་དག་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་ད་ལྟའི་ལག་བསྟར་ཐབས་ལམ་གཞིར་འཛིན་དགོས་པར་མ་ཟད། ས་གནས་ནོར་སྲིད་ལ་ལས་འགན་སྤྲད་ནས་ཐུན་མོང་ཐོག་འགན་ཁུར་དགོས། གོང་གསལ་གྱི་ལས་ཁུངས་གསུམ་གྱིས་ས་གནས་ཁག་གི་མ་དངུལ་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་དུས་ཐོག་ཏུ་སྔོན་རྩིས་བྱ་རྒྱུ་ཡིན་པ་དང་། མ་དངུལ་བེད་སྤྱོད་དང་སྲིད་ཇུས་ལག་བསྟར་བྱེད་པའི་ཐད་ལྟ་སྐུལ་དང་དོ་དམ་ཞིབ་ནན་བྱ་རྒྱུ་རེད།
三部门有关司局负责人表示,本次学生资助政策调整通过更大力度奖优助困、更多覆盖学生群体,将更加有效促进拔尖创新人才、急需紧缺人才培养,更好保障家庭经济困难学生安心学习、顺利完成学业,更加有效地促进教育公平。
据了解,本次政策调整所需资金,继续由中央财政和地方财政按照现行渠道和分担方式共同承担。三部门将督促各地统筹安排资金,及时下达预算,对资金使用和政策执行情况进行监督管理。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 西藏商报
译文 | 阳光西藏