སྙེ་མོ་རྫོང་སྤྱི་བདེ་ཅུད་མར་རྐྱང་ཤང་མངགས་གཏོང་ཁང་གི་བཀོད་འདོམས་ལྟེ་གནས་སུ་ཟླ་༡༡ཚེས་༢༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤པ་ཙམ་ལ་ཡུལ་སྐོར་བ་༥ལྷོ་སྟོད་ལའི་གཤམ་དུ་མོ་ཊ་སྐྱོན་ཤོར་བ་དང་། དེའི་ཁྲོད་མི་༡ལ་ལ་དུག་ཕོག་འདུག་པས་འཕྲལ་མར་རོགས་སྐྱོབ་གནང་རོགས་ཞེས་པའི་ཁ་པར་འབྱོར་བ་རེད།
11月20日16时许,尼木县公安局麻江乡派出所接指挥中心指令:洛堆峰山脚处,有5名游客被困,其中1名游客出现严重高原反应,急需救援。
དེ་འཕྲལ་མར་རྐྱང་ཤང་མངགས་གཏོང་ཁང་གི་ཉེན་རྟོག་པས་གནས་ཚུལ་ལྷགས་ཁུལ་དུ་བསྐྱོད་པ་དང་། སྐར་མ་༢༠ཙམ་སོང་རྗེས་ཡུལ་སྐོར་བ་༥པོ་དེ་དག་རྙེད་པ་རེད། ཤེས་རྟོག་བྱུང་གསལ་ལ་མི་དེ་དག་གིས་གངས་ཡོད་པའི་ཁུལ་དུ་མོ་ཊ་བཏང་ནས་འགྲོ་སྐབས་ཉམས་མྱོང་དེ་ཙམ་མེད་པའི་རྐྱེན་གྱིས་མོ་ཊའི་འཁོར་ལོ་འཁྱགས་པའི་ནང་ལྷུང་ནས་ཡར་དོན་མ་ཐུབ་པར་ལུས་ཡོད་པ་རེད།
接到指令后,麻江乡派出所民警立即携带救援装备,驾驶警车赶赴现场开展救援工作。20分钟后,民警成功找到5名被困游客。原来,这5名游客驾驶一辆越野车,试图穿越洛堆峰脚下的冰雪路段,却因操作不当,车辆陷入冰面被困。
ཉེན་རྟོག་པས་ལ་དུག་ཕོག་པའི་ཡུལ་སྐོར་བ་དེ་ཤང་སྨན་ཁང་ནང་བསྐྱལ་བ་དང་དེ་མིན་གྱི་ཡུལ་སྐོར་བ་༤པོ་མངགས་གཏོང་ཁང་ནང་ངལ་གསོ་རྒྱག་པར་བསྐྱལ་བ་རེད། ད་ཐེངས་ཡུལ་སྐོར་བ་ཚོར་དུས་ཐོག་ལ་རོགས་སྐྱོབ་བྱུང་བས་ཁོ་ཚོར་ཉེན་ཁའི་གནས་ཚུལ་གཞན་ཐོན་མེད།
民警迅速行动,将高反游客紧急送往麻江乡卫生院接受救治。同时,将其余4名被困游客安全转移至麻江乡派出所妥善安置。因救助及时,高反游客已无大碍。
ཡུལ་སྐོར་བ་ཚོ་བདེ་འཇགས་བྱུང་རྗེས། ཉེན་རྟོག་པ་དང་ཡུལ་དེའི་མང་ཚོགས་ཚོས་འཕྱར་བ་གྲུ་འདེགས་ངང་དུས་ཡུན་ཆུ་ཚོད་༥ཙམ་དཀའ་བ་སྤྱད་ནས་ཡུལ་སྐོར་བའི་མོ་ཊ་དེ་མཐར་འཁྱགས་པའི་ནང་ནས་འཐེན་ཐུབ་པ་བྱུང་ཡོད།
在确保游客安全后,民警再次返回现场开展车辆救援工作。由于车辆陷入冰面过深,警车无法进行拖拽。见此情况,民警迅速联系当地群众,调集大型车辆前往现场支援。在警民的共同努力下,5个小时后被困车辆成功脱困。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 旺姆 晋美
来源 | 平安拉萨
译文 | 阳光西藏