ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་མི་དམངས་སྨན་ཁང་གི་ཨེ་ཙེའི་ནད་འགོག་བཅོས་ཀྱི་དམིགས་བཙུགས་སྨན་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་སྤྱི་ཟླ་༡༡ཚེས་༢༠ཉིན་འཚོགས་ཤིང་། སྨན་ཁང་དེ་ལྷ་སའི་རྫོང་༼ ཆུད ༽རིམ་པའི་ཨེ་ཙེའི་ནད་འགོག་བཅོས་ཀྱི་དམིགས་བཙུགས་སྨན་ཁང་ཐོག་མར་གྱུར་པ་རེད།
11月20日,拉萨市城关区人民医院艾滋病抗病毒治疗定点医院揭牌仪式举行,该院成为拉萨首家县(区)级艾滋病抗病毒治疗定点医院。
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུད་ཨུད་དང་། ཆུད་སྲིད་གཞུང་། དེ་བཞིན་འཕྲོད་བསྟེན་བདེ་ཐང་དང་རིམས་ནད་ཚོད་འཛིན་ཚན་ཁག་བཅས་ཀྱིས་ཨེ་ཙིའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཨེ་ཙིའི་ནད་འགོག་བཅོས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་ཞིབ་དཔྱད་ཚད་ལེན་རྒྱ་ཆེར་གཏོང་བ་སོགས་ཀྱི་འགོག་བཅོས་ལས་དོན་ཁག་ལ་གྲུབ་འབྲས་ཅུང་ཡག་པོ་ཐོབ་པ་རེད།
拉萨市城关区委、区政府以及卫生健康和疾控部门高度重视艾滋病综合防治工作,在艾滋病防治宣传教育、扩大检测等各项防治工作取得了较好的成效。
城关区卫健委党组成员、疾病控制中心主任 次仁旺拉
ཁྲེང་ཀོན་ཆུད་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི། ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཚེ་རིང་དབང་ལགས་ཀྱིས་ཁྲེང་ཀོན་ཆུད་མི་དམངས་སྨན་ཁང་གིས་ནད་དུག་འགོག་པའི་སྨན་བཅོས་དང་ལེན་བྱེད་མཁན་གྱི་ནད་པར་ནད་དུག་འགོག་པའི་སྨན་བཅོས་བྱེད་པ་ཕུད། ད་དུང་CD༤ ༼ རིམས་འགོག་ཕྲ་ཕུང་ ༽དང་ཨེ་ཙེའི་ནད་དུག་ཐེག་ཚད་ཞིབ་བཤེར་ཚད་ལེན་སོགས་ཀྱི་འབྲེལ་ཡོད་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད་ཅེས་དང་། སྨན་བཅོས་བྱེད་པར་རང་གིས་འགྲོ་སོང་གཏོང་དགོས་པ་ཡོད་པ་དང་། རིན་མི་དགོས་པ་ཡོད་ལ། ད་དུང་སྨན་བཅོས་འགན་ལེན་གྱིས་འགྲོ་སོང་རྩིས་ཞུ་བྱས་ཆོག་པ་ཡང་ཡོད་ཅེས་བརྗོད་ཀྱི་འདུག
城关区人民医院在为接受抗病毒治疗的感染者和患者提供抗病毒治疗以外,还将提供CD4(注:免疫细胞)和艾滋病病毒载量检测等相关服务。治疗药品有自费的,也有免费的,还有可以医保报销的。
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུད་འདི་ཉིད་རྒྱལ་ཡོངས་ཀྱི་ཨེ་ཙེའི་ནད་ཕྱོགས་བསྡུས་འགོག་བཅོས་དཔེ་སྟོན་ཁུལ་ཁག་ལྔ་པ་ཡིན་པའི་ངོས་ནས་ཁྲེང་ཀོན་ཆུད་ཀྱིས་ཨེ་ཙེའི་ནད་འགོག་བཅོས་ཀྱི་དམིགས་བཙུགས་སྨན་ཁང་གི་ལས་ཀར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལེགས་ཆའི་སྨན་བཅོས་ཐོན་ཁུངས་གཅིག་སྡུད་བྱས་ནས་ནད་པར་དེ་བས་ཆེད་ལས་ལྡན་པ་དང་། དེ་བས་རྒྱུད་རིམ་ལྡན་པ། དེ་བས་དྲོ་སྐྱིད་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་འདེགས་ཞུས་ཏེ་བདེ་ཐང་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
据了解,城关区作为第五轮全国艾滋病综合防治示范区,全力推进城关区艾滋病抗病毒治疗定点医院建立工作,旨在集中优势医疗资源,给患者提供更专业、更系统、更温暖的高质量医疗服务,为推动健康中国建设贡献城关力量。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:拉萨发布
译文:阳光西藏