༢༠༢༤ACEཨ་ཤེ་ཡའི་བཟའ་བཏུང་འགྲེམ་ཚོགས་དང་ཨ་ཤེ་ཡའི་གཡོས་སྦྱོར་འགྲན་བསྡུར་ཟླ་༡༡ཚེས་༡༥ཉིན་ནས་༡༧ཉིན་བར་ཧྲན་ཏུང་ཅི་ནན་དུ་འགོ་ཚུགས་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་ཀུན་བཟང་དབང་རྒྱལ་གྱིས་བཟོས་པའི་ནས་ཀྱི་བང་བིག་ལ་ཐེངས་འདིའི་འགྲན་བསྡུར་ནང་ཨ་ཤེ་ཡའི་གསེར་གྱི་རྟགས་མ་ཐོབ་པ་རེད།
图为获奖证书及奖牌。
སྐབས་འདིའི་ཨ་ཤེ་ཡའི་བཟའ་བཏུང་འགྲེམ་ཚོགས་ལ་ཨ་རི་དང་། འཇར་མན། སོ་ཏི་ཨ་རབ། པར་ཙིར། ཨུ་རུ་སུ། ཉི་ཧོང་། ལྷོ་ཀོ་རེ་ཡ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ནས་ཡོང་བའི་འགྲན་ཞུགས་པ་འགྲན་བསྡུར་འདིའི་ནང་ཞུགས་ཡོད་པ་རེད། རྒྱལ་ཁབ་དང་ས་ཁུལ་མང་པོ་ནས་ཡོང་བའི་འཐུས་མིའི་རུ་ཁག་༤༠ཡི་འཐུས་མི་༥༠༠ལྷག་ཙམ་གྱིས་འགྲན་བསྡུར་ནང་སོ་སོའི་ལག་རྩལ་གང་ཡོད་བཏོན་ཡོད་པ་རེད།
图为日喀则市技工学校教师贡桑旺杰。
图为日喀则“朋必”。(资料图)
བང་བིག་ནི་རྒྱུ་སྲན་མས་བཟོས་པའི་གྲང་ཕིང་གི་རིགས་ཤིག་ཡིན་པ་དང་། གཞིས་ཀ་རྩེའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཟས་རིགས་ཤིག་ཡིན་ཞིང་དེར་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ༢༠༠༩ལོར་བང་བིག་བཟོ་བའི་ལག་རྩལ་དེ་བོད་རང་སྐྱོང་ལྗོངས་དངོས་མིན་རིག་གནས་ཤུལ་བཞག་ཁག་གསུམ་པའི་མིང་གཞུང་དུ་ཚུད་པ་རེད།
图为参赛作品《青稞吉祥朋必》。
འགྲན་བསྡུར་ཐོག་ཀུན་བཟང་དབང་རྒྱལ་གྱིས་སྲོལ་རྒྱུན་བང་བིག་བཟོ་བའི་ལག་རྩལ་རྨང་གཞིར་བྱས་ཐོག དེའི་ཁྲོད་དུ་ནས་ཀྱི་རྒྱུ་ཆ་བསྲེས་པའི་གསར་གཏོད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་གཞིས་ཀ་རྩེའི་ཁྱད་ཆོས་ཚང་བའི་ཞིམ་ཟས་ནས་ཀྱི་བང་བིག་བཟོས་པ་དེར་རིགས་གཅིག་མཁས་པ་དང་འགྲན་ཞུགས་པ་གཞན་གྱིས་གདེང་འཇོག་ཡག་པོ་ཐོབ་ཡོད།
图为“2024ACE亚洲餐饮展览会暨亚洲烹饪大赛”比赛现场。
གཞིས་ཀ་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་སྤྱི་ལོ་ཤིན་གྱིས་ངེད་སློབ་གྲྭས་ཆེད་ལས་མི་འདྲ་བ་མང་པོ་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་དང་ཁེ་ལས་ལ་བྱང་ཚད་དེ་བས་མཐོ་བ་དང་ལག་རྩལ་དེ་བས་ཡག་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། ནོར་བུ་དོན་གྲུབ། བྱམས་པ།
主编:吾见才让
副主编:平多 桑布
编辑:罗布顿珠 先巴
来源 :西藏日报
译文:阳光西藏