ལྷ་ས་གྲོང་ཁྱེར་གྱི་འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་འགྲུལ་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་བཞི་པས་ཟླ་༡༡ཚེས་༡༩ཉིན་གྱི་དགོང་མོར་གྲོང་ཤར་ཁུལ་དུ་སྒྲིག་འགལ་རླངས་འཁོར་ལ་ཞིབ་བཤེར་བྱས་པ་རེད།
为进一步规范道路运输市场秩序,提升客运服务质量,保障合法经营者及乘客的合法权益,11月19日晚,拉萨市交通运输综合行政执法队四大队前往城东片区开展执法检查。
ཉེན་རྟོག་པས་བར་སྐོར་ཁྲོམ་ལམ་ཉེ་འཁོར་ལ་ཞིབ་བཤེར་བྱེས་སྐབས་དྲ་འབོད་རླངས་འཁོར་ཞིག་ལ་དྲ་འབོད་རླངས་འཁོར་གྱི་སྤྱི་སྟེགས་མཚོན་རྟགས་སྦྱར་མེད་པས་ཉེན་རྟོག་པས་ཁོ་པའི་ཁ་ལོ་བའི་ལག་ཁྱེར་གནས་སྐབས་འཕྲོག་པ་རེད།
晚上9点,执法人员来到林廓东路八廓商城附近,开展道路运输车辆检查和整治工作。检查中,一网约车司机因未按规定在车身张贴网约车平台标识,被执法人员暂扣证件。
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གི་རུ་ཆེན་བཞི་པའི་ཉེན་རྟོག་པ་བསྟན་འཛིན་འཕྲིན་ལས་ཀྱིས་གོང་གི་དྲ་འབོད་རླངས་འཁོར་དེས་ཀུང་སིའི་མཚོན་རྟགས་སྦྱར་རྗེས་ལག་ཁྱེར་བླངས་ནས་རྒྱུན་གཏན་ལྟར་སྐྱེལ་འདྲེན་བྱེད་ཆོག་གི་ཡོད་ཅེས་བཤད་པ་རེད།
该网约车贴完车标以后,在正常工作日内可到执法队领取证件,即可正常营运。
ཤེས་རྟོགས་བྱུང་གསལ་ལ། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བར་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་དང་དྲ་འབོད་རླངས་འཁོར་སྐྱེལ་འདྲེན་ལག་ཁྱེར་ཚང་དགོས་ལ། རླངས་འཁོར་ཐོག་དྲ་འབོད་ཀུང་སིའི་མཚོན་རྟགས་སྦྱར་རྗེས་གཞི་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཆོག
记者了解到,网约车司机上路营运需要办理以下手续,一是网络预约出租汽车驾驶员证,二是网络预约出租汽车运输证。双证齐全,在车身规定部位张贴所属网络预约平台的标志后,便可以正常上路营运。
བསྟན་འཛིན་འཕྲིན་ལས་ཀྱིས། རྣམ་ཀུན་རླངས་འཁོར་སྡོད་སྐབས་ཡིན་ཅིག་མིན་གཉིས་ལག་ཁྱེར་ཚང་བའི་རླངས་འཁོར་སྡོད་པ་ལས་དེ་མིན་གྱི་རླངས་འཁོར་སྡོད་མི་རུང་ལ། གལ་ཏེ་ལག་ཁྱེར་མེད་པའི་ཁ་ལོ་བ་དང་འཕྲད་ཚེ། ༡༢༣༤༥དང་༡༢༣༢༨སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་ཚན་པར་ཐེར་འདོན་བྱེད་དགོས་ཞེས་བརྗོད་འདུག
在此,我们呼吁广大市民群众,在出行的时候,一定要选择正规的营运车辆,拒乘“黑车”。如遇到“黑车”,可拨打12345市政热线、12328交通运输服务热线进行举报和投诉。
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་ཞིབ་བཤེར་བྱེད་པའི་དགོང་མོ་དེར། སྤྱི་སྤྱོད་རླངས་འཁོར་སོགས་ལམ་ཐིག་ཡོད་པའི་རླངས་འཁོར་༢༧དང་། ཡུལ་སྐོར་རྒྱུགས་མཁན་རླངས་འཁོར་༡༧། ཟོང་འདྲེན་རླངས་འཁོར་༧། ཉེན་ཁ་ཡོད་པའི་ཅ་དངོས་བླུགས་པའི་རླངས་འཁོར་༢། དྲ་འབོད་རླངས་འཁོར་༤༤། བོགས་གཏོང་རླངས་འཁོར་༢༦། ཁྲིམས་འགལ་འགྲུལ་པ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་༢༥བཅས་ལ་ཞིབ་བཤེར་བྱས་པ་དང་། ཁ་ལོ་བ་༨ལ་སློབ་གསོ་བཏང་བ་དང་ཡུལ་དངོས་སུ་ཁྲིམས་འགལ་རླངས་འཁོར་༤ཐག་གཅོད་བྱས་ཤིང་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་འགྲིམ་འགྲུལ་གནད་དོན་༨ཐག་གཅོད་བྱས་པ་རེད།
当晚,拉萨市交通运输综合行政执法队共检查班线辆27台次、旅游车17台次、普货7台次、危货2台次、网约车44台次、出租车26台次、疑似非法营运车辆25台次,教育警告8人,现场整改4台,处理举报8次。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། དབང་མོ། འཇིགས་མེད།
主编 | 吾见才让
副主编 | 平多 桑布
编辑 | 旺姆 晋美
来源 | 拉萨发布
译文 | 阳光西藏