རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་སྤྱི་ཟླ་༡༡ཚེས་༢༢ཉིན་གྱི་དགོང་མོ་ཧའེ་ནན་སན་ཡ་རུ་འགོ་ཚུགས་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་བོད་ཀྱི་འཐུས་མི་ཚོགས་པའི་འཁྲབ་སྟོན་པ་༣༣ གྱིས་གྲལ་འགྲིག་པོས་འཁྲབ་སྟོན་བྱས་རྗེས་ཚོགས་ར་ཡོངས་དང་དྲ་གྲོགས་ཚོའི་ཡིད་དབང་རབ་ཏུ་འཕྲོག་ཅིང་། ཚོགས་རར་ཐལ་མོའི་རྡེབ་སྒྲ་དང་བསྔགས་བརྗོད་ཡང་ཡང་ཐོབ་པ་རེད།
སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་རའི་སྡིངས་ཆའི་མདུན་གྱི་འཁྲབ་སྟོན་གྱི་འཁྲབ་ཁྲིད་པ་ཧུང་ཐའོ་ཡིས། ད་ཐེངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བོད་ཀྱི་འཐུས་མི་ཚོགས་པའི་འཁྲབ་སྟོན་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རལ་པའི་རྔ་རྩལ་དང་སྐྱེས་པའི་འཁྲབ་སྟོན་རྨང་གཞིར་བྱས་པ་དང་། བོད་ཀྱི་ལ་གླུ་དང་ཐུན་མིན་གྱི་ངར་སེམས་ཀྱིས་ཁེངས་པའི་རོལ་དབྱངས་རྒྱབ་ལྗོངས་སུ་བྱས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་འཁྲབ་སྟོན་བྱས་པ་བརྒྱུད་ལྟད་མོ་ཧ་ཅང་ཆེན་པོ་ཡོད་པ་རེད། རལ་པ་དང་བྲོའི་སྒྱུ་རྩལ་གྱི་གསོན་ཤུགས་གང་ལེགས་མངོན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་རྒྱལ་ཡོངས་ཀྱི་ལྟད་མོ་བར་མངོན་པར་བྱས་པ་དང་འབྲེལ་དེའི་ཐོག་ནས་བོད་ཀྱི་མི་དམངས་ཀྱིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་སྒྲིག་ཡོང་བའི་སྨོན་འདུན་ཞུས་པའི་ནང་དོན་བཟང་པོ་མཚོན་པར་བྱས་ཡོད་ཅེས་བཤད།
“本届运动会开幕式西藏代表团驻停表演以国家级非物质文化遗产热巴艺术之女子鼓技和卓舞男子彩秀为元素;以西藏山歌和独有的充满激情的呐喊声为音乐背景,通过热情奔放的激烈旋转纵情绽放精彩。充分展示了热巴和卓舞强烈的艺术爆发力,将西藏独特的艺术魅力呈现给了全国观众,并以此表达了西藏人民祝愿本届运动会取得圆满成功的美好寓意。”本届运动会西藏代表团驻停表演导演红涛说。
རིན་ཆེན་གཡང་འཛོམས་ནི་འགོ་ཚུགས་མཛད་སྒོའི་བུད་མེད་ཀྱི་རྔ་པའི་འཁྲབ་སྟོན་པ་ཞིག་ཡིན་ལ། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པ་ཞིག་ཀྱང་རེད། ཁོང་གིས་གསར་འགོད་པར་གཟུགས་པོ་ཧ་ཅང་རིང་བས་ཐོག་མར་སྦྱོང་བརྡར་བྱེད་སྐབས་རུ་མི་ཚོའི་རྔ་དང་འདྲ་པོ་མེད་པའི་ཁར་རྒྱུན་དུ་ཆབ་མདོའི་དམངས་ཁྲོད་ཀྱི་རལ་པའི་རྔ་རྩལ་དང་འབྲེལ་བ་དེ་ཙམ་མེད་པས་སྐོར་བ་རྒྱག་སྐབས་གང་སར་རྒྱུག་གི་ཡོད་ཅེས་དང་། ཁོང་གིས་སྐར་ཆ་༣༠ཡི་ནང་སྐོར་བ་༢༤རྒྱག་པ་ནི་འགྲན་སློང་ཧ་ཅང་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཐོག་མར་ང་ལ་བློ་སྒོ་ཕྲན་ཙམ་ཡང་འབྱེད་མ་ཐུབ་པས་རྟག་ཏུ་རྒན་ལགས་ཀྱིས་སློབ་ཚན་གསབ་ཁྲིད་བྱེད་པར་འབོད་ཀྱི་ཡོད། ངས་རྒྱུན་འཁྱོངས་བྱས་པ་ཡིན། ད་ཆ་སྐོར་བ་༢༤བརྟན་པོའི་ངང་རྒྱག་ཐུབ་ཀྱི་ཡོད་ཅེས་བཤད་འདུག
仁青央宗是开幕式热巴舞女子鼓技的表演者,也是本届运动会的参赛选手。她告诉记者,“因为个子太高,刚开始练习时跟队员的鼓花高度不一致,加上平时接触昌都民间热巴鼓技的机会也不多,转圈的时候会到处乱跑。”她认为30秒原地转24圈是一个巨大的挑战。“刚开始我真是一点没开窍,经常被老师喊去补课。但我坚持下来了,现在能很稳地原地打24圈,鼓花也特别好看。”
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། འཇིགས་མེད། ནོར་བུ་དོན་གྲུབ།
主编:吾见才让
副主编:平多 桑布
编辑:晋美 罗顿
来源:西藏日报 西藏卫视+
译文:阳光西藏