ཉེ་དུས། པེ་ཅིང་དང་། ཧོ་ནན། ཀྲེ་ཅང་། ཀོང་ཏུང་སོགས་ས་ཁུལ་མང་པོའི་ནད་ཡམས་ཚོད་འཛིན་ཚན་པས་དྲན་སྐུལ་ཞུ་རྒྱུར། ནོ་རུའུ་ནད་དུག་གིས་བསླངས་པའི་ཁོག་པ་བཤལ་བའི་ནད་དེ་ད་ལྟ་ཤུགས་ཆེན་ཁྱབ་བཞིན་ཡོད་པས། ཀུན་གྱིས་གཟབ་གཟབ་གནང་རོགས།
近日
北京、河南、浙江、广东等
多地疾控部门发布提醒
诺如病毒引起的急性感染性腹泻
已进入发病高峰期
请注意防范
ཀྲུང་གོ་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་ཆེད་ལས་མཁས་པས་ནོ་རུའུ་ནད་དུག་ནི་ཕོ་རྒྱུའི་གཉན་ཚད་ཀྱི་འགོས་ནད་ཅིག་ཡིན་པ་དང་། ནམ་དུས་སྟོན་ཁ་དང་དགུན་ཁར་འགོས་ཤུགས་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་ཅེས་བརྗོད་འདུག
中国疾控中心相关专家介绍,诺如病毒是引起急性胃肠炎常见的病原体之一,传染性强,传播途径多样。诺如病毒急性胃肠炎全年均可发病,秋冬季高发,又名“冬季呕吐病”,目前尚无特效药物和疫苗可用。
དེ་སྔོན། རྒྱལ་ཡོངས་ཀྱི་ས་གནས་མང་པོ་ཞིག་ཏུ་ནོ་རུའུ་ནད་དུག་འགོས་པའི་གནས་ཚུལ་བྱུང་ཡོད།
此前
全国多地已发生多起
诺如病毒群体感染事件
ཧུའུ་པེ་སློབ་ཆུང་དང་པོར་ནོ་རུའུ་འགོས་ནད་ཛ་དྲག་བྱུང་སྟབས་སློབ་མཚམས་བཞག་ཡོད།
ཟླ་༡༡པའི་ཚེས་༥ཉིན། ཧུའུ་པེ་ཞིང་ཆེན་ཧྲི་ཡན་གྲོང་ཁྱེར་ཀྲང་ཝན་ཆུས་ཀྲེ་ཅང་ལམ་སློབ་ཆུང་གིས་བརྡ་ཐོ་བཏང་ནས། སློབ་གྲྭ་དེའི་འཛིན་གྲྭ་གསུམ་ལ་ནོ་རུའུ་ནད་དུག་ཕོག་རྐྱེན་སློབ་གྲྭ་དེས་ཚེས་༥ཉིན་གྱི་ཕྱི་དྲོ་ནས་བཟུང་འཕྲལ་མར་སློབ་མཚམས་བཞག་སྟེ། དྲ་ཐོག་ནས་སློབ་ཁྲིད་བྱས་པ་དང་ཟླ་༡༡པའི་ཚེས་༡༡ཉིན་སློབ་ཚན་བསྐྱར་ཁྲིད་བྱེད་འཆར་འདུག
11月5日,湖北省十堰市张湾区浙江路小学发布通知称,受诺如病毒的影响,该校自5日(周二)下午起立即停课,改为网上授课,于11月11日复课。11月6日,张湾区教育局工作人员证实,诺如病毒已经传染该校3个班级。
ཟླ་༡༠པའི་ཚེས་༡༨ཉིན་བར། ཡུན་ནན་ཞིང་ཆེན་ཕུའུ་ཨར་གྲོང་ཁྱེར་སི་མའོ་ཆུས་ཁེན་ཞང་གྲོང་རྡལ་ཡིང་ཕན་ཧྲན་སློབ་ཆུང་གི་སློབ་མ༡༨ལ་ནོ་རུའུ་འགོས་ནད་ཕོག་འདུག
云南一小学18名学生感染
10月17日,云南省普洱市思茅区倚象镇营盘山小学部分学生出现呕吐、腹痛等症状,随即被送往医院治疗。经检测,初步判定为诺如病毒感染。截至10月18日16时,符合病例定义18名,症状均为轻症。
ཟླ་༡༠པའི་ཚེས་༡༥ཉིན་བར། ཟན་ཞི་ཤིས་ཨན་གྲོང་ཁྱེར་གྱི་བུ་བཅོལ་ཁང་ཞིག་གི་བྱིས་པ་༤༨ལ་ནོ་རུའུ་འགོས་ནད་ཕོག་ཡོད།
陕西西安一幼儿园48名幼儿感染
10月15日,西安市雁塔区联合调查处置工作专班通报:10月11日,狮呈品格幼儿园多名幼儿出现呕吐、腹泻等情况。截至10月15日,已确认48名幼儿感染诺如病毒。
ནོ་རུའུ་ནད་དུག་གི་ཁྱད་ཆོས་དང་སྔོན་འགོག་བྱེད་ཐབས།
什么是诺如病毒?
它有哪些特征?
我们又该如何预防?
༡ ནད་དུག་དེ་འགོས་སླ་བ་དང་རྒྱུན་ལྡན་ནད་དུག་༡༨ཡོད་ན་མིར་འགོས་ཐུབ་པ་དང་། གལ་ཏེ་མི་ཞིག་ལ་ནད་འགོས་ན་ནད་དུག་དུང་ཕྱུར་༡༠ལྷག་ཕྱིར་གཏོང་ཐུབ།
༢ གསོན་ཤུགས་ཆེ་བ།
༣ ཁོར་ཡུག་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་༠ནས་༦༠℃བར་གྱི་དྲོད་ཚད་ཁྱབ་ཁོངས་ནང་གསོན་ཐུབ་ལ། སྤྱིར་བཏང་གི་ཆུ་ཁོལ་གྱིས་གསོད་མི་ཐུབ།
༤ཆང་བཅུད་བརྒྱ་ཆ་༧༥ཡན་གྱི་ཨ་རག་་དང་ལག་པ་འཁྲུ་བྱེད་གཤེར་ཁུ་ཡིས་ནོ་རུའུ་ནད་དུག་གསོད་མི་ཐུབ།
༥ ཅ་ལག་ངོས་སུ་གཟའ་འཁོར་༢ཙམ་གསོན་ཐུབ་ཅིང་། ཆུ་ནང་དུ་ཟླ་༢ཡན་ལ་གསོན་ཐུབ།
ནོ་རུའུ་ནད་དུག་དེ་མི་ཆེ་ཆུང་གང་རུང་ལ་འགོས་སླ།
只需极少的病毒量,通常少到18个病毒粒子,就可以传染。而一个人感染后,一次能排出数十亿个病毒粒子。
0℃~60℃的温度范围内可存活,普通热水无法烫死诺如病毒。
75%酒精、免洗洗手液无法灭活诺如病毒。
可在物体表面存活2周,在水中存活2个月以上。
诺如病毒具有全人群普遍易感的特点,各年龄段人群都可能会感染。
འགོས་ཐབས།
༡ ནད་དུག་དེ་ཕོག་ཡོད་པའི་མཚོ་འགྲོན་བུ་སོགས་མཚོ་སྐྱེས་སྲོག་ཆགས་དང་། སྔོ་ཚལ། ཤིང་ཏོག་སོགས་བཟའ་བཏུང་བྱས་ན་ནད་དུག་འགོས་སྲིད།
༢ ནོ་རུའུ་འགོས་པའི་ནད་པའི་སྐྱུག་རོ་དང་གཅིན་སྐྱག ལག་པ་གཙང་མ་བཀྲུས་མེད་པ་བཅས་ལ་རེག་ན་ཡང་འགོས་སྲིད།
༣ ནོ་རུའུ་འགོས་པའི་ནད་པའི་སྐྱུག་རོ་དང་གཅིན་སྐྱག་ཡོད་པའི་ཁ་དབུགས་ཀྱི་ཉེ་སར་བཅར་ན་ཡང་འགོས་སྲིད།
饮食:生食海贝类及牡蛎等水生动物、食用诺如病毒污染的蔬果、饮用被诺如病毒污染的水等均可传染。
接触:接触患者的呕吐物及粪便污染物后,用未彻底洗净的手接触口。
空气:患者的呕吐物或粪便形成气溶胶,造成传染。
ནོ་རུའུ་ནད་རྟགས།
ནོ་རུའུ་འགོས་ནད་ཕོག་རྗེས། ཆུ་ཚོད་༡༢ནས་ཆུ་ཚོད་༧༢རིང་ནད་རྟགས་མངོན་སྲིད་པ་དང་། རྒྱུན་ལྡན་ཉིན་༢ཀྱི་ནང་ནད་རྟགས་མངོན་སྲིད། གལ་ཏེ་སྐྱུག་པ་དང་། གྲོད་པ་བཤལ་བ། ཚ་བ་རྒྱས་པ། གྲང་ཤུར་ལངས་བ། མགོ་ན་བ། ཤ་གནད་ན་བ། ཉིན་གཅིག་ལ་གྲོད་པ་ཐེངས་བཅུ་ཙམ་བཤལ་བ་སོགས་ནད་རྟགས་ཡོད་ངེས།
诺如病毒感染后的潜伏期短,最短12小时,最长72小时,通常2天内就会发病。如果出现了以下症状或其中之一,一定不要盲目服药,要遵照医嘱立即就医:
出现呕吐、腹泻等急性胃肠道症状。
出现发热、畏寒、头痛、肌肉酸痛等症状。
腹泻次数从几次到数十次不等,粪便稀水样,无脓血样便。
儿童易出现呕吐症状,成人多出现腹泻症状。
ནོ་རུའུ་འགོག་ཐབས།
ཟ་མ་ཟས་རྗེས་དང་། གཅིན་སྐྱག་བཏང་རྗེས་ཡི་ཙི་བརྒྱབ་ནས་སྐར་ཆ་༢༠ཙམ་ལག་པ་བཀྲུ་དགོས་པ་དང་། ཁང་པའི་ནང་ཁ་དབུགས་རྒྱུ་ཐུབ་པ་བྱ་རྒྱུ། ཟས་རིགས་ངེས་པར་དུ་བཙོས་ནས་ཟ་དགོས། ཆུ་གྲང་མོ་འཐུང་མི་རུང་། ཁོར་ཡུག་གི་གཙང་སྦྲ་དང་དུག་སེལ་ལ་དོ་སྣང་བྱ་དགོས། ནད་པའི་སྐྱུག་རོ་ལ་གཙང་སྦྲ་བྱེད་དུས་ཁ་རས་དང་ལག་ཤུབས་གྱོན་དགོས། ནད་པའི་ཁྱིམ་ཚང་གི་ཁོར་ཡུག་དུག་སེལ་ཡག་པོ་བྱ་དགོས།
饭前、便后、加工食物前应正确洗手,用肥皂和流动水至少洗20秒。
定期开窗通风,保持室内空气流通。
处理食物要彻底洗干净,食物必须煮熟煮透后再食用,不饮用生水。
做好环境清洁和消毒工作。对患者呕吐物或粪便污染的环境和物品需使用含氯消毒剂消毒。
在清理受到呕吐物污染的物品时,应戴手套和口罩,避免直接接触污染物。
患者家庭环境也应依据医务人员指导加强消毒,避免在家庭内造成传播。
འགོས་ནད་ཕོག་མཁན་གྱི་ནད་པ་དེ་ཉིན་༣གྱི་རིང་ལོགས་སུ་བཀར་དགོས་པ་དང་། ན་ཚ་ཡང་མོ་ཡིན་ན་ཁྱིམ་ནས་ལོགས་སུ་བཀར་དགོས། ལྕི་མོ་ཡིན་ན་སྨན་ཁང་ནང་དུ་འཁྲིད་ནས་ལོགས་སུ་བཀར་དགོས།
感染者患病期至康复后3天内应尽量隔离,轻症患者可居家或在疫情发生机构就地隔离,重症患者需送医疗机构隔离治疗。
གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།
གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།
རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ།
主编 | 吾见才让
副主编 | 平多 桑布
编辑 | 先巴 罗布顿珠
来源 | 网信西藏
译文 | 阳光西藏