རྣ་བ་བཀབ་ནས་དྲིལ་བུ་རྐུ་བའི་ཁ་ལོ་བ་འདིར་གཟིགས་དང་།

时事   2024-11-01 17:01   西藏  


ཁ་ལོ་བས་རླངས་འཁོར་གྱི་ཨང་རྟགས་ཐོག་ལག་རས་འགེལ་བ་དང་།  ཁ་རས་རྒྱག་པ། བཙོག་སྐྱོན་བཟོ་བ།  གློག་འོད་དྲག་པོ་སྒར་བ་སོགས་ནི་འགྲིམ་འགྲུལ་བཅའ་ཁྲིམས་ལས་འགལ་ཡོད། 

གློག་རྡུལ་པར་ཆས་ལས་གཡོལ་ནས་ཁྲིམས་ཀྱི་འགན་འཁྲི་འཁུར་མི་དགོས་པའི་ཆེད། ཁ་ལོ་བ་ཁ་ཤས་ཤིག་གིས་རང་ཉིད་སྤྱང་གྲུང་ལྡན་ཁུལ་གྱིས་རླངས་འཁོར་གྱི་ཨང་རྟགས་ལ་བཟོ་བཅོས་རྒྱག་བཞིན་ཡོད་ལ། དེ་ནི་རང་མགོ་རང་གིས་གཡོགས་པ་ལས་མ་འདས། 


挂毛巾、戴口罩、污损涂改

加装强光灯

……

为躲避电子抓拍逃避法律责任

总有些“聪明”司机

使出浑身解数

试图给车牌号隐身

殊不知聪明反被聪明误

最终还是难逃处罚!

ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཉང་བྲན་ལམ་དུ་སྐོར་གཡེང་བྱེད་སྐབས། ལམ་འགྲམ་དུ་བཞག་ནས་དངོས་ཟོག་མར་འབེབས་མཁན་གྱི་ཟོག་འདྲེན་རླངས་འཁོར་ཆུང་ཆུང་དཀར་པོ་ཞིག་མཐོང་བ་དང་། རླངས་འཁོར་གྱི་རྒྱབ་མདུན་གྱི་ཨང་རྟགས་ལ་རྐང་བཙུགས་ནས་རས་ཕད་དཀར་ནག་གཉིས་བཀབ་ཡོད་པ་ཤེས་རྟོགས་བྱུང་པ་རེད། 


近日,拉萨市公安局交警支队城北大队民警在娘热路巡逻时,发现一辆停在路边卸货的白色小货车,车辆前后牌照分别被一条白色编织袋和一块黑色毛巾遮挡,涉嫌故意遮挡机动车号牌。



མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་དེའི་ཁ་ལོ་བར་འབྲེལ་བ་བྱས་པ་དང་། མི་དམངས་ཉེན་རྟོག་པས་འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བ་སྐལ་ཆེ་གེ་མོས་པར་ཐེབས་སུ་མི་འཇུག་ཆེད་ཨང་རྟགས་ལ་རས་ཕད་དཀར་ནག་གཉིས་ཀྱིས་བཀབ་པའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ངོས་ལེན་ཡང་དག་བྱས་པ་རེད། 


民警立即联系该车驾驶员,面对民警的询问,驾驶人格某某承认是为了不被违停抓拍才将牌照进行遮挡,没想到还是被民警发现了。


ཁ་ལོ་བ་སྐལ་ཆེ་ག་གེ་མོས་ཉང་བྲན་ལམ་དུ་རླངས་འཁོར་བཞག་མི་ཆོག་པའི་ལམ་དུམ་དུ་རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཨང་རྟགས་བཀབ་སྟེ་བཞག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཚན་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་གཞིར་བཟུང་སྟེ་ཁྲིམས་ལྟར་ཆད་པ་བཅད་ཡོད་པ་དང་། སྐལ་ཆེ་ག་གེ་མོས་ཀྱང་རང་ཉིད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་འགྱོད་པ་ཚད་མེད་སྐྱེས་ཡོད་ལ།  མི་དམངས་ཉེན་རྟོག་པར་སླད་ཕྱིན་རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་རྒྱུ་དང་། རང་ཉིད་ལྐུགས་རྟགས་བསྟན་པའི་བྱ་བ་དེ་རིགས་གཏན་ནས་མི་བྱེད་པ་ཁས་བླངས་པ་རེད།


针对驾驶人格某某在娘热路禁停路段故意遮挡机动车号牌的违法行为,拉萨市公安局交通管理部门依据《中华人民共和国道路交通安全法》依法作出处罚。格某某也对自己的违法行为后悔不已,向民警保证以后一定自觉遵守道路交通安全法律法规,绝对不再做这种自作聪明的事了。

རྐང་བཙུགས་ནས་འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་བཀབ་ན་ཁྲིམས་འགལ་ཡིན་པས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་ཡང་གནོད་སྐྱོན་ཚབས་ཆེན་བཟོ་སྲིད་སྟབས། ཀུན་གྱིས་བྱ་སྤྱོད་འདི་རིགས་ངེས་པར་དུ་སྤངས་དགོས།   


故意遮挡机动车号牌

增加了交通违法概率

严重扰乱了道路交通秩序

驾驶员自以为能蒙混过关

而往往却是自食苦果


法律链接  

གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་གཅིག་པའི་ནང་། འཕྲུལ་སྒུལ་འཁོར་རིགས་གཞུང་ལམ་སྟེང་དུ་སྐྱོད་སྐབས། འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་་ཡིན་ཅིག་འགེལ་དགོས་པ་དང་། ཞིབ་བཤེར་ཚད་ལོན་མཚོན་རྟགས། འགན་བཅོལ་མཚོན་རྟགས་འཇོག་དགོས་པར་མ་ཟད། རླངས་འཁོར་དང་མཉམ་དུ་འཕྲུལ་སྒུལ་འཁོར་ལོའི་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་ཡང་འཁྱེར་དགོས་པ་གཏན་འབེབས་བྱས་ཡོད། འཕྲུལ་སྒུལ་འཁོར་ལོའི་ཨང་རྟགས་ཁྲིམས་ཀྱི་གཏན་འབེབས་ལྟར་འགེལ་དགོས་པར་མ་ཟད། གསལ་པོ་ཡིན་དགོས་པ་དང་ཆ་ཚང་དགོས་པ་ལས་རྐང་བཙུགས་ནས་འགེབས་པའམ་བཙོག་སྐྱོན་བཏང་མི་ཆོག 

དོན་ཚན་གོ་ལྔ་པའི་ནང་གསེས་དོན་ཚན་གཉིས་པའི་ནང་། རྐང་བཙུགས་ནས་རླངས་འཁོར་གྱི་ཨང་རྟགས་འགེབས་པ་དང་བཙོག་པ་བཟོ་བ། ཡང་ན་གཏན་འབེབས་ལྟར་ཨང་རྟགས་མི་འགེལ་བ་སོགས་བྱས་ཚེ། བཅའ་ཁྲིམས་འདིའི་དོན་ཚན་དགུ་བཅུ་པའི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་ཡོད། 

དོན་ཚན་དགུ་བཅུ་པའི་ནང་གཏན་འབེབས་བྱས་དོན། ཁ་ལོ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་སྒྲིག་སྲོལ་དང་འགལ་བ་རྣམས་ལ། ཐ་ཚིག་སྒྲོག་རྒྱུའམ་ཡང་ན་སྒོར་ཉི་ཤུ་ཡན་ནས་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅད་རྒྱུ། 


《中华人民共和国道路交通安全法》第十一条规定:驾驶机动车上道路行驶,应当悬挂机动车号牌,放置检验合格标志、保险标志,并随车携带机动车行驶证。机动车号牌应当按照规定悬挂并保持清晰、完整,不得故意遮挡、污损。


第九十五条第二款规定:故意遮挡、污损或者不按规定安装机动车号牌的,依照本法第九十条的规定予以处罚。


第九十条规定:机动车驾驶人违反道路交通安全法律、法规关于道路通行规定的,处警告或者二十元以上二百元以下罚款。本法另有规定的,依照规定处罚。


འཁོར་བྱང་ཨང་རྟགས་རྐང་བཙུགས་ནས་འགེབས་པ་དང་། རྫུན་བཟོ་བྱེད་པ། བརྗེ་སྤོར་བྱེད་པ་རྣམས་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས། མགོ་བདེ་དྲན་འཕྲུལ་བྱས་ནས་ལྐུགས་རྟགས་མི་བསྟན་རྒྱུ་གལ་ཆེའོ། 


任何故意遮挡、伪造

变换号牌的行为都是违法的

切勿心存侥幸心理

而因小失大!





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 平安拉萨

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章