ནག་ཆུ་ནས་མི་འདི་ལ་ཁྲིམས་ཆད་བཅད་འདུག

时事   2024-11-06 15:53   西藏  

ར་བཟི་ནས་རླངས་འཁོར་བཏང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་བཅད་དེ། ཡོངས་བསྒྲགས་ཐོག་ཁྲིམས་ར་འཚོགས་ནས་ཉེན་བརྡའི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ནག་ཆུ་གྲོང་ཨུད་ཏང་གི་སློབ་གྲྭ་དང་མཉམ་ལས་བྱས་ནས། ར་བཟི་ཁ་ལོ་བ་ཞིག་གི་གྱོད་གཞིའི་འདྲི་གཅོད་ལ་ཟུར་ཉན་བྱེད་པའི་བྱེད་སྒོ་ཞིག་སྒྲིག་འཛུགས་བྱས་པ་དང་། ཐེངས་འདིའི་བྱེད་སྒོར་ནག་ཆུ་གྲོང་ཨུད་ཏང་གི་སློབ་གྲྭས་གསོ་སྦྱོང་བྱས་པའི་གྲོང་ཚོའི་ཨུ་ལྷན་གྱི་མི་སྣ་བརྒྱ་ལྷག་ཙམ་གདན་འདྲེན་ཞུས་པ་དང་། ཁྲིམས་རའི་འདྲི་གཅོད་བྱེད་པའི་གྱོད་དོན་དངོས་བརྒྱུད་ནས་ཏང་ཡོན་ལས་བྱེད་པར་ར་བཟི་ནས་རླངས་འཁོར་བཏང་བའི་ཉེས་དམིགས་དང་འདུ་ཤེས་གཏིང་ཟབ་ཅིག་སྐྱེས་སུ་བཅུག་ཡོད་པ་རེད། 


为依法惩治醉驾违法犯罪行为,充分发挥公开庭审的警示作用,近日,那曲市色尼区人民法院协同那曲市委党校组织了一场醉驾案件庭审旁听活动。此次活动邀请了那曲市委党校调训的村“两委”人员百余人,通过真实的庭审案例,提升党员干部对醉驾危害的认识。

ཁྲིམས་རའི་འདྲི་གཅོད་བྱ་ཡུལ། 

庭审现场


ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་ར་བཟི་རྗེས་ཁྱིམ་དང་བར་ཐག་སྤྱི་ལེ་འགའ་མ་གཏོགས་མེད་པས། མགོ་བདེ་དྲན་འཕྲུལ་བྱས་ནས་དོ་དགོང་རླངས་འཁོར་བཏང་ཡང་ཉེན་རྟོག་པའི་ལག་ཏུ་ཤོར་མི་སྲིད་བསམ་ནས་རླངས་འཁོར་བཏང་བ་དང་། ད་ལྟ་ར་བཟི་ནས་རླངས་འཁོར་བཏང་བ་དེས་རང་ཉིད་ཀྱི་ལས་ཀ་དང་ཁྱིམ་ཚང་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་ཤེས་སོང་ཞེས་བརྗོད་ཡོད་པ་རེད། ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོས་མིག་ཆུ་གཏོང་བཞིན་རང་གི་བྱ་སྤྱོད་ལ་འགྱོད་སེམས་དྲག་པོ་སྐྱེས་ཤིང་ཉེས་པ་དང་ཆད་པ་དང་ལེན་ཞུས་པ་རེད། ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཆེ་གེ་མོའི་བསགས་པའི་ནག་ཉེས་དང་ནག་ཉེས་ངོས་ལེན་གྱི་རྣམ་འགྱུར་ཡག་པ་སོགས་ལ་གཞིགས་ནས། ཟླ་གཅིག་དང་ཉིན་བཅོ་ལྔ་བཀག་ཉར་བྱེད་རྒྱུ་དང་དངུལ་ཆད་སྒོར་ཉིས་སྟོང་ལྔ་བརྒྱའི་ཉེས་ཆད་བཅད་པ་རེད།    


被告人王某:“想着离家就几公里,这么短的距离,这么晚,就一次,应该不会被发现。现在深刻认识到,醉驾给我本人工作、家人带来了极坏的影响......”

被告人王某声泪俱下对自己的行为表示深刻忏悔,并认罪认罚。综合考虑被告人的犯罪情节、认罪态度等,法院当庭判处被告人王某拘役一个月十五天,并处罚金人民币两千五百元。



ཟུར་ཉན་པའི་མྱོང་ཚོར། 

旁听感受


ཟུར་ཉན་མི་སྣ་ཟླ་ཆེ་གེ་མོས་དེ་རིང་གི་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་བརྒྱུད།  ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་ར་བཟི་ནས་རླངས་འཁོར་གཏོང་བའི་ཚབས་ཆེའི་རང་བཞིན་དང་། གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་བྱུང་། ཏང་ཡོན་ལས་བྱེད་པར་ཡ་རབས་ངང་རླངས་འཁོར་གཏོང་བའི་གོམས་གཤིས་བཟང་པོ་ཆགས་དགོས་ལ། བཅའ་ཁྲིམས་ཀྱི་དམར་ཐིག་ལས་མི་འགལ་བ་བྱས་ནས་མི་དམངས་ལ་སྣེ་འཁྲིད་ཀྱི་ནུས་པ་འདོན་དགོས་པར་མ་ཟད། ཏང་ཡོན་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ཞབས་པའི་བྱ་བཟང་སྤྱོད་བཟང་གི་སྣང་བརྙན་ཡག་པོ་ཞིག་བསྐྲུན་དགོས་ཞེས་བརྗོད་ཡོད་པ་རེད། 


旁听人员达某:“通过旁听今天的庭审,我充分认识到酒驾醉驾的严重性和危害性,党员干部要养成文明驾驶良好习惯,坚决不触碰法律红线,带头树立好、维护好党员干部、国家公职人员良好形象”。

ཁྲིམས་དཔོན་གྱིས་དྲན་སྐུལ་ཞུ་རྒྱུུར། 

法官提醒

ཆང་རག་བཏུངས་ནས་རླངས་འཁོར་བཏང་མི་ཆོག་པ་དང་།  མང་ཚོགས་དང་ལྷག་པར་དུ་རྒྱལ་ཁབ་ཀྱི་གཞུང་ཞབས་པས་རྟག་ཏུ་སྒྲིག་ལམ་ལ་བརྩི་སྲུང་ཡག་པོ་བྱས་ནས། ཚེ་སྲོག་ལ་གཅེས་སྤྲས་དང་།  སྒྲིག་བཀུར་ཁྲིམས་སྲུང་། བདེ་འཇགས་དང་ཡ་རབས་ངང་རླངས་འཁོར་གཏོང་བ་ལས། ཤེས་བཞིན་དུ་ཁྲིམས་དང་འགལ་བའི་བྱ་སྦྱོད་གཏན་འགོག་བྱ་རྒྱུ་གལ་ཆེའོ། 


酒后开车“驶”不得,广大群众尤其国家公职人员要常怀敬畏之心,珍爱生命,遵纪守法,安全文明驾驶,切莫以身试法。





ནང་དོན་དེ་བས་མང་པོ་གཟིགས་འདོད་ན།

ཇོ་རིའི་སྤྲིན་སྟེགས་ཕབ་ལེན་གནང་རོགས། 

“这里有最新鲜的西藏新闻,最鲜活的西藏故事,最活跃的西藏律动”欢迎下载珠峰云App。

西藏自治区省级融媒体平台——“珠峰云”,全天候等您!


གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ཕུན་རྡོར། བཟང་པོ།

རྩོམ་སྒྲིག་པ། བྱམས་པ། ནོར་བུ་དོན་གྲུབ། 


主编 | 吾见才让

副主编 | 平多  桑布

编辑 | 先巴  罗布顿珠

来源 | 西藏商报

译文 | 阳光西藏

阳光西藏
“阳光西藏”是西藏广播电视台以西藏历史文化、民俗旅游、藏族歌舞为主要内容的全国唯一的藏汉双语官方公众平台。
 最新文章