དེ་རིང་ནས་མོ་ཊའི་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ལེན་ཆོག་གི་འདུག

政务   2024-11-04 16:49   西藏  


    སྒྱུར་བཅོས་ཀྱི་ཕན་པ་མི་དེ་བས་མང་བར་ཐོབ་པ་བྱ་ཆེད། སྤྱི་བདེ་པུས་ཟླ་11ཚེས་4ཉིན་ནས་ཟླ་12ཚེས་2ཉིན་བར། རྒྱལ་ཡོངས་སུ་མོ་ཊའི་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་བེད་སྤྱོད་གཏོང་རྒྱུ་དེ་ཁག་གསུམ་ལ་བགོས་ནས་ཁྱབ་གདལ་བཏང་སྟེ། འགྲོ་ལུགས་གཉེར་སྟངས་སྔར་བས་སྟབས་བདེ་རུ་དང་ལག་ཁྱེར་སྔར་བས་སྤྱོད་བདེ་རུ་གཏོང་རྒྱུ་རེད། འཁོར་བདག་ཚོས་རང་གནས་སའི་ས་གནས་ཀྱི་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་གཅིག་གྱུར་གྱིའགྲིམ་འགྲུལ་དོ་དམ་12123གྱི་Appནས་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་རེ་འདུན་ཞུས་ཏེ་ལེན་ཆོག་གི་འདུག

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་ཟླ་11ཚེས་4ཉིན་ནས་མོ་ཊའི་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཁྱབ་གདལ་གཏོང་རྒྱུ་དང་། ལྷོ་ཁ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གྱིས་ཟླ་11ཚེས་18ཉིན་ནས་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཁྱབ་གདལ་གཏོང་རྒྱུ། མངའ་རིས་ས་ཁུལ་དང་ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་12ཚེས་2ཉིན་ནས་གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཁྱབ་གདལ་གཏོང་རྒྱུ་རེད་འདུག དེའི་གོང་། གློག་རྡུལ་འགྲོ་སྐྱོད་ལག་ཁྱེར་ཟླ་7ཚེས་1ཉིན་ནས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་སྔོན་ལ་ཚོད་ལྟ་དང་བཅས་བེད་སྤྱོད་གཏོང་འགོ་ཚུགས་འདུག



《ཉི་འོད་གྲོང་ཁྱེར》ཞེས་པ་གཟིགས་པ་ཡིན་ནམ། ལྟད་མོ་འདིས་བོད་ལ……

ཁྲོམ་ལ་མངགས་སྐྱེལ་བ་རྡུང་བའི་བརྙན་ཐུང་སྐོར་ལ་ཉེན་རྟོག་པས......

བོད་ཀྱི་གུས་སྲོལ་འདི་དག་ཚང་མས་སྦྱོང་སྤྱོད་སྤེལ་གསུམ་གནང་བར་འཚལ།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章